འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལར་བསྐྱར་དུ་ས་ཡོམ་ཚབས་ཆེན་རིམ་པ་7.5བྱུང་སྟེ་མི་གྲངས་47རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་13ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ནེ་པ་ལར་བསྐྱར་དུ་ས་ཡོམ་ཚབས་ཆེན་རིམ་པ་7.5བྱུང་སྟེ་མི་གྲངས་47རྐྱེན་ལམ་དུ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན་ནེ་པ་ལ་རྒྱལ་ཁབ་ཏུ་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སྲིད་དོན་ཚན་ཙཱན་ཁྲེན་ཅི་ཡིས་ཉིན་དེར་ནེ་པ་ལར་བསྐྱར་དུ་ས་ཡོམ་ཚབས་ཆེན་རིམ་པ་7.5བྱུང་ཞིང་། དུས་ད་ལྟའི་བར་དུ་ཐེངས་འདིའི་ས་ཡོམ་ཁྲོད་ནེ་པ་ལར་ཡོད་པའི་ཀྲུང་གོའི་ཕྱོགས་ཀྱི་མི་སྣ་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་ཅེས་བརྗོད།
         ནེ་པ་ལའི་ནང་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་ཀར་གཞིགས་ན། ཉིན་དེར་ནེ་པ་ལའི་བྱང་རྒྱུད་རི་ཁུལ་ཤིན་ཏུའུ་ཕར་ཆའོ་ཁེ་རུ་ས་ཡོམ་ཚབས་ཆེན་བྱུང་སྟེ་མི་གྲངས་36རྐྱེན་ལམ་དུ་ཤོར་བ་དང་མི་གྲངས་1117ལ་རྨས་སྐྱོན་བྱུང་བ་རེད། ས་གནས་དེ་གའི་སྨྱན་སྦྱོར་ལས་ཁུངས་ཀྱི་གནས་འཕྲིན་སྤེལ་བ་ལྟར་ན། ཐེངས་འདིའི་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་47ཟིན་པ་རེད།
         ཀ་ཏ་མན་རྡུ་གྲོང་ཁྱེར་ལྟེ་གནས་ཀྱི་གཞུང་ལས་པའི་སྨན་ཁང་གི་སྨན་པས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཐེངས་འདི་ས་ཡོམ་ཚབས་ཆེན་བྱུང་རྗེས་སྨན་ཁང་དུ་བསྐྱལ་ཡོང་བའི་རྨས་མ་ཆིག་སྟོང་ལས་བརྒལ་ཡོད་ཅེས་བརྗོད།
         ས་ཡོམ་ཚབས་ཆེན་ཡང་བསྐྱར་བྱུང་བ་ལས་འཕྲིན་ཡིག་ཤར་གཏོང་བྱེད་མི་ཐུབ་པར་གྱུར་པ་དང་། ནེ་པ་ལའི་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་གཅིག་པུ་ཐེ་ལི་པུའུ་ཝུན་གནས་གྲུ་འབབ་ཐང་ཡང་ས་ཡོམ་གྱི་དབང་གིས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་སྒོ་མ་བརྒྱབ་ཐབས་མེད་བྱུང།
         ནེ་པ་ལ་སྲིད་གཞུང་གིས་ས་ཡོམ་བྱུང་རྗེས་མགྱོགས་མྱུར་ངང་རྒྱལ་སྲིད་ལས་ཁུངས་ཀྱི་ཛ་དྲག་ཆེ་བའི་ཚོགས་འདུ་སྐོང་འཚོག་བྱས་ནས་ཙུང་ལི་ཁོ་དབྱི་ལཱ་ལཱ་ཡིས་མི་དམངས་ཡོངས་ཀྱིས་ལག་གདང་སྦྲེལ་ནས་མྱུར་སྐྱོར་ལས་དོན་སྤེལ་དགོས་པའི་འབོད་སྐུལ་བྱས་པ་རེད།
    ༄༅།།ནེ་པ་ལར་བསྐྱར་དུ་ས་ཡོམ་ཚབས་ཆེན་རིམ་པ་7.5བྱུང་སྟེ་མི་གྲངས་47རྐྱེན་ལམ་དུ་ཤོར་བ།
      

    ཕྱོགས་བསྡུས་གསར་འགྱུར།