འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེས་ལས་གནས་བརྟན་གཏོང་གི་ཁ་གསམ་དངུལ་སྒོར་དུང་ཕྱུར་7.24སྤྲད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་17ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཧོ་པེ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པའི་ཁེ་ལས་ཀྱི་ཕྱོགས་འགྱུར་གནོན་ཤུགས་ཆུང་དུ་གཏོང་རོགས་དང་ལས་ཞུགས་ལས་གནས་བརྟན་དུ་གཏོང་ཆེད་མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་ཁེ་ལས་227ལ་ལས་གནས་བརྟན་གཏོང་གི་ཁ་གསབ་དངུལ་སྒོར་དུང་ཕྱུར་7.24སྤྲད་པ་དང་བཟོ་པ་ཁྲི་20ལ་ཕན་པ་ཐོབ་ཡོད།
         ཤེས་རྟོགས་བྱས་པར་གཞིགས་ན། ཧོ་པེ་ཞིང་ཆེན་གྱི་2014ལོའི་བཟོ་ལས་ཕྱོགས་འགྱུར་རིམ་སྤོར་ཚོགས་འདུའི་ཐོག“6643ལས་གྲྭ”འདོན་པ་སྟེ་2017ལོར་སླེབས་སྐབས་ངར་ལྕགས་ཏུན་ཁྲི་6000དང་། ཨར་འདམ་ཏུན་ཁྲི་6100 རྡོ་སོལ་ཏུན་ཁྲི་4000 ལྗི་ཚད་ཚད་ལྡན་གྱི་ཤེལ་སྒོ་ཏུན་ཁྲི་3600བཅས་ཀྱི་ཐོན་ནུས་ཉུང་དུ་གཏོང་རྒྱུ་རེད། ཚོད་རྩིས་བྱས་པར་གཞིགས་ན། ཞིང་ཆེན་ཡོངས་སུ་ཐོན་ནུས་ཀྱི་གནོན་ཤུགས་ཉུང་དུ་གཏོང་བ་དང་མཁའ་རླུང་བཙོག་སྐྱོན་བཅོས་སྐྱོང་བྱ་རྒྱུ་དེ་བཟོ་པ་ཁྲི་106དང་འབྲེལ་བ་ཡོད། ལས་གནས་བརྟན་གཏོང་ཁ་གསབ་དངུལ་སྤྲད་པ་བརྒྱུད་ཁེ་ལས་ཀྱིས་རང་འགུལ་ངང་བཟོ་པ་བཀོད་སྒྲིག་བྱས་ནས་ལས་མི་ཉུང་དུ་མི་གཏོང་བའམ་ཡང་ན་ལས་མི་འཕྲི་འཐེན་ཉུང་ཙམ་བྱས་ནས་དམངས་འཚོ་བརྟན་གཏོང་དང་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།