འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་དབུལ་ཕོངས་ཀྱི་མི་གྲངས་ཁྲི་85.6ལ་རོགས་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་17ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་བྲག་དམར་གྲོང་རྡལ་ཡིའུ་ཏ་གཞུང་ལམ་ལྷོ་ངོས་སུ་ཐོག་བརྩེགས་གཉིས་ལྡན་གྱི་ཁང་པ་སྟར་པ་གཅིག་ཡོད་པ་དེ་ནི“ཕྱུག་རྒྱལ་རླངས་འཁོར་ཉམས་བཟོ་ཁང”རེད། ལོ་གོང་མར་ཧོ་ཧྲེང་གྲོང་ཚོའི་མགོན་པོ་སྐྱབས་རྫོང་གིས་སྒྲིག་འཛུགས་བྱས་པའི་རླངས་འཁོར་ཉམས་བཟོའི་གསོ་སྦྱོང་བརྒྱུད་དེ་གའི་རླངས་འཁོར་ཉམས་བཟོ་པར་གྱུར་པ་དང་ཟླ་རེར་གཏན་འཇགས་ཡོང་འབབ་སྒོར་ཉིས་སྟོང་ཡོང་གི་ཡོད་པས་ཁོང་གིས་དགའ་ཚོར་ཆེན་པོས“ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱས་པ་དེས་རང་ཉིད་དབུལ་སྒྲོལ་ལམ་བུའི་ཐོག་སྐྱོད་རྒྱུ་བྱུང་ལ་ཡོང་འབབ་ཀྱང་ཇེ་མང་དུ་སོང་ནས་འཚོ་བའི་ཐད་དེ་བས་རེ་བས་ཁེངས་པར་གྱུར་སོང”ཞེས་ཤོད་ཀྱི་འདུག ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་ཆེད།“ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་63.6བཏང་བ་དེ་ནི“ལོ་ལྔ་ཚན་བཅུ་གཅིག་པའི”ལྡབ་2.6རེད། ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་དང་། སློབ་གསོར་བརྟེན་ནས་དབུལ་སྐྱོར། དངུལ་རྩར་བརྟེན་ནས་དབུལ་སྐྱོར། དམིགས་བསལ་རིགས་ཀྱི་འགག་སྒྲོལ་དབུལ་སྐྱོར་སོགས་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས“པད་མའི་ཉམས་མྱོང”དང“འབལ་རྫོང་གི་བྱེད་སྟངས”སོགས་གྲུབ་འབྲས་ཐོབ་པའི་དབུལ་སྐྱོར་འགག་སྒྲོལ་གྱི་ཐབས་ལམ་བཏོད་པས་ཞིང་ཆེན་དེ་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་ཕྱིན་པ་དང་། ཞིང་འབྲོག་པའི་དབུལ་ཕོངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ནས་མི་གྲངས་ཁྲི་85.6དབུལ་སྒྲོལ་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།