འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་
    གསོ་ཞུ་ཕྱིར་ཟླ་9ཚེས་3ཉིན་གུང་སེང་གཏོང་རྒྱུའི་གཏན་འབེབས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་14ཉིན། 12:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་
གསོ་ཞུ་ཕྱིར་ཟླ་9ཚེས་3ཉིན་གུང་སེང་གཏོང་རྒྱུའི་གཏན་འབེབས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་13ཉིན་ཀྲུང་གོའི་སྲིད་གཞུང་གི་འཕྲིན་དྲ་ནས་<<རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁབ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་ཕྱིར་ངལ་གསོའི་ཉིན་མོ་བརྗེ་རྒྱུ་དང་གུང་སེང་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་>>ཁྱབ་བསྒྲགས་བྱས་པ་རེད། བརྡ་ཐོ་བཏང་དོན་ལྟར་ན། 2015ལོའི་ཟླ་9ཚེས་3ཉིན་གུང་སེང་གཏོང་རྒྱུ་རེད།
         བརྡ་ཐོའི་ནང་དུ་2015ལོ་ནི་ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁབ་ཐོབ་ནས་ལོ་70འཁོར་བའི་ལོ་ཡིན་པས། རྒྱལ་ཡོངས་མི་དམངས་ཁྱབ་རྒྱ་ཆེན་པོའི་ངང་ཀྲུང་དབྱང་དང་ས་གནས་ཁག་དང་སྡེ་ཁག་ཁག་གི་སྤེལ་རྒྱུའི་དྲན་གསོའི་བྱེད་སྒོར་ཞུགས་ཐུབ་པའི་ཆེད་དུ་2015ལོའི་ཟླ་9ཚེས་3ཉིན་རྒྱལ་ཡོངས་ཚང་མར་གུང་སེང་ཉིན་གཅིག་གཏོང་རྒྱུ་ཡིན་ཞིང་། མང་ཚོགས་ཀྱིས་གུང་སེང་སྐབས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་བྱེད་བདེ་བའི་ཆེད་དུ་ངལ་གསོའི་ཉིན་མོ་གཤམ་གསལ་ལྟར་བརྗེ་རྒྱུ་སྟེ། ཟླ་9ཚེས་3ཉིན་ནས་ཚེས་5ཉིན་བར་གུང་སེང་ཉི་མ་གསུམ་གཏོང་རྒྱུ་ཡིན་ཞིང་། དེའི་ཁྲོད་ཟླ་9ཚེས་3ཉིན་(གཟའ་ཕུར་བུ)ལ་གུང་སེང་གཏོང་རྒྱུ་དང་། ཟླ་9ཚེས་4ཉིན་(གཟའ་པ་སངས)ལ་གུང་སེང་གཏོང་རྒྱུ་ཡིན་ལ། ཟླ་9ཚེས་6ཉིན་(གཟའ་ཉི་མ)ལ་ལས་ཀར་འགྲོ་རྒྱུ་བཅས་འཁོད་པ་རེད།
         བརྡ་ཐོའི་ནང་དུ་ངལ་གསོའི་ཉིན་མོ་བརྗེ་བ་དང་ཀུང་སེང་གཏོང་བའི་རིང་ལ་ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ལས་རེས་བྱེད་རྒྱུ་དང་། བདེ་འཇགས་ཡོང་བ་དང་བདེ་སྲུང་བྱེད་རྒྱུ་སོགས་ཀྱི་ལས་ཀ་བཀོད་སྒྲིག་ལེགས་པོ་བྱེད་དགོས་ཤིང་། གློ་བུར་དུ་དོན་རྐྱེན་ཚབས་ཆེན་བྱུང་ན་གཏན་འབེབས་ལྟར་དུས་ཐོག་ཏུ་གོང་ལ་སྙན་སེང་ཞུ་དགོས་པ་དང་ཐག་གཅོད་འོས་འཚམས་བྱས་ཏེ་འབྲེལ་ཡོད་དྲན་གསོ་ཞུ་བའི་བྱེད་སྒོ་དག་བདེ་བླག་ངང་སྤེལ་བར་འགན་སྲུང་ཏན་ཏིག་བྱེད་དགོས་ཞེས་བསྟན་པ་རེད།
    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་
གསོ་ཞུ་ཕྱིར་ཟླ་9ཚེས་3ཉིན་གུང་སེང་གཏོང་རྒྱུའི་གཏན་འབེབས་བྱས་པ།
    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་
གསོ་ཞུ་ཕྱིར་ཟླ་9ཚེས་3ཉིན་གུང་སེང་གཏོང་རྒྱུའི་གཏན་འབེབས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།