འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རག་སྡིས་ཀྱིས་གསར་དུ་བཙུགས་པའི་ཀྲུའུ་ཧའེ་སློབ་འབྲིང་བཞི་པའི་བོད་ལྗོངས་
    འཛིན་གྲྭའི་སློབ་མར་འཚམས་གཟིགས་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། 2014ལོའི་ཟླ་12ཚེས་30ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱིས་གསར་དུ་བཙུགས་པའི་ཀྲུའུ་ཧའེ་སློབ་འབྲིང་བཞི་པའི་བོད་ལྗོངས་འཛིན་གྲྭར་ཆེད་མངགས་ཕེབས་ནས་བོད་ལྗོངས་འཛིན་གྲྭའི་སློབ་མ་ཚོར་གཟིགས་པ་དང་། ཀྲུའུ་ཧའེ་སློབ་འབྲིང་བཞི་པའི་བོད་ལྗོངས་འཛིན་གྲྭ་བཙུགས་ཚུན་གྱི་འབྲེལ་ཡོད་འཛུགས་སྐྲུན་དང་སློབ་ཁྲིད་ཀྱི་གནས་ཚུལ་ནན་ཏན་ངང་རྟོག་ཞིབ་གནང་བ། ཀྲུའུ་ཧའེ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གནས་ཚུལ་སྙན་སེང་ཞུས་པ་དང་སློབ་གྲོགས་ཚོས་རང་ཉིད་ཀྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་པ་མ་ཟད། ད་དུང་དགེ་སློབ་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་ཡང་གནང་བ་རེད། 
           ཀོང་ཏུང་ཞིང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུའུ་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཅ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཏེ་ལི་སོགས་གཟིགས་པར་ལྷན་དུ་ཕེབས་པ་རེད། 
           གནས་ཡུལ་ལེགས་པ་དང་། ཁོར་ཡུག་མཛེས་པ། སློབ་ཁྲིད་སྒྲིག་བཀོད་འཐུས་སྒོ་ཚང་བ་བཅས་ཀྱི་ཀྲུའུ་ཧའེ་སློབ་འབྲིང་བཞི་པ་དང་དེ་གའི་བོད་ལྗོངས་འཛིན་གྲྭའི་བདེ་སྐྱིད་བག་ཕེབས་ཀྱི་སློབ་ཕྲུག་ཚོས་རག་སྡིས་ཀྱི་ཐུགས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཅིང་། བོད་ལྗོངས་འཛིན་གྲྭའི་སློབ་མ་ཚོས་རང་ཉིད་ཀྱི་སློབ་སྦྱོང་དང་འཚོ་བའི་སྐོར་སྙན་སེང་ཞུས་རྗེས་རག་སྡིས་ཀྱིས་དགྱེས་ཚོར་ཆེན་པོས་ཀྲུའུ་ཧའེ་སློབ་འབྲིང་བཞི་པ་ནི་ཀོང་ཏུང་ཞིང་ཨུད་དང་། ཀོང་ཏུང་ཞིང་ཆེན་སྲིད་གཞུང་། ཀྲུའུ་ཧའེ་གྲོང་ཨུད། ཀྲོའུ་ཧའེ་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་ཀྲུང་དབྱང་གི་ཁ་གཏད་བོད་སྐྱོར་ལས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་མཚོན་ཚུལ་ཞིབ་ཕྲ་ཞིག་རེད་ལ་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་ཤེས་ལྡན་པ་གསོ་སྐྱོང་ལས་དོན་ལ་སེམས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་བྱས་པའི་བྱ་སྤྱོད་གལ་ཆེན་ཞིག་ཀྱང་རེད། སློབ་གསོ་པུའུ་ཡིས་ཀྲུའུ་ཧའེ་གྲོང་ཁྱེར་གྱི་བོད་ལྗོངས་འཛིན་གྲྭ་དེ་རྒྱལ་ཡོངས་ཀྱི་ནང་སའི་བོད་ལྗོངས་འཛིན་གྲྭའི་དོ་དམ་ལམ་སྲོལ་ནང་འཇུག་རྒྱུ་དང་། རྒྱལ་ཡོངས་ཀྱི་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་བསྡུའི་སྲིད་ཇུས་དང་གཏན་འབེབས་གཅིག་གྱུར་ཐོག་ལག་བསྟར་བྱ་རྒྱུ། བོད་ཀྱི་ནག་ཆུ་དང་། མངའ་རིས། ཉིང་ཁྲི་བཅས་ས་ཁུལ་གྱི་སློབ་མ་བསྡུ་རྒྱུ། སློབ་བསྡུའི་དམིགས་ཚད་70%ཞིང་འབྲོག་པའི་བུ་ཕྲུག་ལ་སྤྲོད་རྒྱུ་བཅས་ཀྱི་གཏན་འཁེལ་ཁ་གསལ་བྱས་ཡོད། ཀྲུའུ་ཧའེ་སློབ་འབྲིང་བཞི་པའི་བོད་ལྗོངས་འཛིན་གྲྭ་2014ལོའི་ཟླ་9ཚེས་11ཉིན་དངོས་སུ་སློབ་ཁྲིད་བྱེད་འགོ་ཚུགས་པ་དང་ད་ལྟ་དམའ་རིམ་སློབ་འབྲིང་གི་གྲ་སྒྲིག་འཛིན་གྲྭའི་སློབ་མ་40ཡོད། བོད་ལྗོངས་འཛིན་གྲྭའི་སློབ་ཡུན་ལོ་བཞི(གྲ་སྒྲིག་འཛིན་གྲྭར་ཞུགས་པའི་ལོ་གཅིག་ཚུད་པ)ཡིན་པ་དང་། མཐོ་རིམ་སློབ་འབྲིང་གི་སློབ་ཡུན་ལོ་གསུམ་ཡིན་པ། ལོ་རིམ་རེར་སློབ་མ་40ཡོད་པ། མཐར་སློབ་གྲྭའི་སློབ་མའི་གཞི་ཁྱོན་མི་གྲངས་280ཟིན་རྒྱུ་རེད། དེ་ནི་ཀྲུའུ་ཧའེ་སློབ་གསོའི་སྡེ་ཚན་གྱིས་བོད་ལ་རོགས་སྐྱོར་བྱས་པའི་བྱ་བ་གལ་ཆེན་ཞིག་ཡིན་ཞེས་གསུངས་པ་རེད། 
           རག་སྡིས་ཀྱིས་ལག་ལེན་གྱི་ཐོག་ནས་ནང་སའི་བོད་ལྗོངས་འཛིན་གྲྭ་འཛུགས་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་གལ་ཆེན་ནི་མཁས་མཛངས་ལྡན་ལ་རྦད་དེ་ཡང་དག་པ་ཞིག་དང་བོད་ཀྱི་དོན་དངོས་དང་རྦད་དེ་མཐུན་པ་ཞིག་རེད། ནང་སའི་བོད་ལྗོངས་འཛིན་གྲྭས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཕྱོགས་སྟོན་དུ་བྱས་ཏེ་མི་རིགས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། གཅིག་འདྲེས་བཅས་ཀྱི་གཡུལ་ས་བརྟན་པོ་ཞིག་བཟུང་བ་དང་ཆབས་ཅིག་བོད་ཀྱི་ཡུན་རིང་བརྟན་ལྷིང་དང་འཕེལ་རྒྱས་ཕྱིར་རྗེས་གྲབས་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྐྱོང་དང་གསོག་འཇོག་ཀྱང་བྱས་ཡོད། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱ་རྒྱུ་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ། མི་རིགས་ཕན་ཚུན་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་བོད་ལྗོངས་འཛིན་གྲྭ་བཙུགས་པར་དོན་དངོས་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད། 
           རག་སྡིས་ཀྱིས་སློབ་གྲོགས་ཚོར་ཐོབ་པར་དཀའ་བའི་གོ་སྐབས་དང་དུས་ཚོད་ལ་གཅེས་འཛིན་གྱིས་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་། ཉིན་བཞིན་ཡར་རྒྱས་ཡོང་བ་བྱེད་དགོས་པ། རང་ཉིད་ལ་རེ་བ་ནན་པོ་འདོན་དགོས་པ། གྲོན་ཆུང་བསྲི་ཚགས་བྱེད་དགོས་པ། སློབ་གྲྭའི་སྒྲིལ་སྲོལ་ལམ་ལུགས་ཁག་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ། མཉམ་སྡེབ་ལ་སེམས་ཁུར་བྱེད་དགོས་པ། དགེ་རྒན་ཚོར་བརྩི་འཇོག་བྱེད་དགོས་པ། ཕན་ཚུན་རོགས་རམ་བྱེད་དགོས་པ། བོད་ལྗོངས་འཛིན་གྲྭའི་སློབ་གྲོགས་དབར་མཐུན་སྒྲིལ་ཡག་པོ་དང་རོགས་རམ་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་སློབ་གྲྭའི་འཛིན་གྲྭ་གཞན་དག་གི་རྒྱ་རིགས་སློབ་ཕྲུག་ཚོ་དང་ཕན་ཚུན་སེམས་ཁུར་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་ཀྱང་བྱེད་དགོས་པ། རྒྱུན་དུ་སྦྱོང་བརྡར་བྱེད་པའི་གོམས་གཤིས་དང་སྐྱོན་བྲལ་ངང་འཚོ་བ་སྐྱེལ་སྟངས་ཤིག་འཇགས་པར་བྱས་ཏེ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བ་བྱེད་དགོས་པ། མདོར་ན་སློབ་གྲོགས་ཚོས་བདེ་ཐང་ངང་འཚར་ལོངས་དང་། བདེ་སྐྱིད་ངང་འཚར་ལོངས། ཁྱོན་ཡོངས་ནས་འཚར་ལོངས་བཅས་ཡོང་བ་བྱས་ཏེ་ཏང་དང་། སྲིད་གཞུང་། ཕ་ཡུལ་གྱི་མི་དམངས་བཅས་ཀྱི་རེ་བ་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས་པ་དང་ཆབས་ཅིག་སྤྱོད་ལམ་དང་ཤེས་རིག ལུས་རྩལ། མཛེས་རིག་བཅས་བཞི་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལྡན་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཏུ་འགྱུར་བ་བྱས་ཏེ་མེས་རྒྱལ་གྱི་དྲིན་ལན་འཇལ་དགོས་པ་དང་ཕ་ཡུལ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།