འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྲིད་པུས་སེམས་ཀྱི་ཉི་ཟླ་རྫོང་གྲོང་ཁྱེར་ལ་སྒྱུར་བའི་མཆན་བཀོད་བཀའ་ལན་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 08:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སེམས་ཀྱི་ཉི་ཟླ་རྫོང་དམངས་སྲིད་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་མང་འདུན་ཞུ་བྱས་པའི་སེམས་ཀྱི་ཉི་ཟླ་རྫོང་གྲོང་ཁྱེར་ལ་སྒྱུར་བའི་ལས་དོན་དེ་ལ་2014ལོའི་ཟླ་12ཚེས་16ཉིན་དམངས་སྲིད་པུའུ་ཡི་མཆན་བཀོད་བཀའ་ལན་ཐོབ་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དམངས་སྲིད་པུའུ་ཡིས(དམངས་ཡིག[2014ལོའི]ཡིག་ཨང་375)བཀའ་ལན་སྤྲད་པའི་<<སེམས་ཀྱི་ཉི་ཟླ་རྫོང་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སྒྱུར་རྒྱུའི་སྐོར་གྱི་མཆན་བཀོད་བཀའ་ལན་>>དེ་འཕྲིན་ཡིག་ཏུ་བརྩིས་ནས་སེམས་ཀྱི་ཉི་ཟླ་རྫོང་གི་འབྲེལ་ཡོད་སྡེ་ཚན་ལ་སྤྲད་པ་རེད། མཆན་བཀོད་བཀའ་ལན་གྱི་ནང་དོན་གཙོ་བོ་སྟེ། སེམས་ཀྱི་ཉི་ཟླ་རྫོང་དེ་རྫོང་རིམ་པའི་གྲོང་ཁྱེར་དུ་གྱུར་པ་དང་དེ་སྔའི་སེམས་ཀྱི་ཉི་ཟླའི་རྫོང་གི་སྲིད་འཛིན་ས་ཁོངས་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་སུ་བསྒྱུར་རྒྱུ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་སྲིད་གཞུང་རྒྱལ་ཐང་གྲོང་རྡལ་གསེར་བྱེ་ལམ་སྒོ་རྟགས་22སུ་བཙུགས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སེམས་ཀྱི་ཉི་ཟླ་རྫོང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་11613ཡོད་པ་དང་ཁོངས་གཏོགས་གྲོང་རྡལ་4དང་ཤང་7ཡོད་པར་ཁྱོན་གྲོང་ལྷན་6དང་སྲིད་འཛིན་གྲོང་ཚོ་58ཡོད་པ་རེད། 2011ལོ་ནས་བཟུང་སེམས་ཀྱི་ཉི་ཟླ་རྫོང་གིས་རྫོང་གྲོང་ཁྱེར་དུ་སྒྱུར་པའི་འདུན་ཞུའི་ལས་དོན་སྤེལ་འགོ་བཙུགས་པ་དང་2013ལོར་ཞིང་ཆེན་དམངས་སྲིད་ཐིང་གིས་མཆན་བཀོད་བཀའ་ལན་སྤྲད་རྗེས་ཀྲུང་དབྱང་ལ་གོང་ཞུ་བྱས་པ་རེད། 2014ལོའི་ལོ་འགོར་རྫོང་དེས་འདུན་ཞུ་བྱེད་ཤུགས་ཆེ་རུ་བཏང་བས་མཐར་དམངས་སྲིད་པུའི་མཆན་བཀོད་བཀའ་ལན་ཐོབ་པ་རེད།
         རྫོང་གྲོང་ཁྱེར་དུ་སྒྱུར་པ་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གཏམ་བཟང་ཞིག་ཡིན་ལ་མི་རིགས་ཁག་གི་མི་དམངས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན་པ་དེ་ཐོག་ནས་སེམས་ཀྱི་ཉི་ཟླ་འདི་ཉིད་ལོ་རྒྱུས་ཀྱི་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་པ་མཚོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།