འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅༎རང་རྒྱལ་ཞིང་ལས་ཐོན་རྫས་ཀྱི་རིན་གོང་སྲིད་གཞུང་ནས་གཏན་འཁེལ་བྱེད་རྒྱུ་མཇུག་སྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། སྤྱི་ཚེས༤ཉིན། རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་སྤྱི་ལོ༢༠༡༥ལོར་རྒྱལ་ཁབ་ནས་རྡོ་ཐ་བསྡུ་ཉོའི་རིན་གོང་ལྷུག་ཏུ་གཏོང་འགོ་ཚུགས་པ་དང་རྡོ་ཐ་བསྡུ་ཉོའི་རིན་གོང་ནི་ཞིང་ལས་ཐོན་རྫས་ཁྱབ་ཁོངས་ནང་སྲིད་གཞུང་ནས་རིན་གོང་གཏན་འཁེལ་བཟོ་བའི་ཐོན་རྫས་རིགས་མཐའ་མ་དེ་ཡིན་པའི་དབང་གིས་བྱ་ཐབས་དེའི་ཐོག་ནས་རང་རྒྱལ་གྱི་ཞིང་ལས་ཐོན་རྫས་ཀྱི་རིན་གོང་ཚང་མ་ཁྲོམ་་རྭས་གཏན་འཁེལ་བྱེད་པ་དང་སྲིད་གཞུང་ནས་རིན་གོང་གཏན་འཁེལ་བྱེད་རྒྱུ་མཐར་ཕྱིན་པ་མཇུག་སྒྲིལ་བ་མཚོན་གྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག
           གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཞིང་ལས་ཐོན་རྫས་རིན་གོང་ལྷུག་ཏུ་བཏང་བ་དེ་རྦད་དེ་དོ་དམ་མི་བྱེད་པ་ཞིག་མིན་པར་ཁྲོམ་རའི་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་དུས་མཚུངས་སུ་ཁྲོམ་རས་སྙོམ་སྒྲིག་བྱེད་པ་དང་སྲིད་གཞུང་ནས་ཚོད་འཛིན་བྱེད་རྒྱུ་གཉིས་ཟུང་སྦྲེལ་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་རིན་གོང་སྤྱི་ཁོག་སྙོམ་སྒྲིག་ཚོད་འཛིན་མ་ལག་ཟམ་མི་ཆད་པར་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་རེད། མིག་སྔར་རྒྱལ་ཁབ་ནས་ཆུ་འབྲས་དང་གྲོ་གཉིས་ལ་མ་མཐའི་བསྡུ་ཉོའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་དང་མ་རྨོས་ལོ་ཏོག་དང་པད་ཁར་གནས་སྐབས་བསྡུ་གསོག་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ། སྲིང་བལ་དང་སྲན་ཆེན་ལ་དམིགས་འབེན་རིན་གོང་ཁ་གསབ་སྒྱུར་བཅོས་ཚོད་ལྟ་བྱེད་ཀྱི་ཡོད་པ་མ་ཟད་གལ་ཆེའི་ཞིང་ལས་ཐོན་རྫས་གྲབས་གསོག་ལམ་ལུགས་འཛུགས་པ་དང་ཕྱིར་གཏོང་ནང་འདྲེན་སྙོམ་སྒྲིག་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད་ནོར་སྲིད་ནས་ཁ་གསབ་སྤྲོད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཕྱོགས་བསྡུས་བྱ་ཐབས་བཟུང་བ་དང་ཁྲོམ་རྭས་སྙོམ་སྒྲིག་བྱེད་པ་དང་སྲིད་གཞུང་ནས་སྙོམ་སྒྲིག་བྱེད་རྒྱུ་ཟུང་སྦྲེལ་བྱེད་ཀྱི་ཡོད་པས་ཞིང་ལས་ཐོན་རྫས་གཙོ་བོའི་རིན་གོང་འཕར་ཆག་ཆེན་པོ་ཡོང་རྒྱུ་སྔོན་འགོག་བྱས་ཡོད་པ་དང་ཞིང་པའི་ཁེ་ཕན་སྲུང་སྐྱོབ་བྱས་ཡོད་ཅེས་བསྟན་འདུག
      

    ཕྱོགས་བསྡུས་གསར་འགྱུར།