འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ལིའུ་ཆི་པའོ་ཡིས་༼ དར་གོས་འགྲུལ་ལམ་ ༽གྱི་རིག་གནས་དངོས་རྫས་འགྲེམས་སྟོན་ལ་
    གཟིགས་སྐོར་གནང་བ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་4ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལིའུ་ཆི་པའོ་ཡིས་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་བའི་༼ དར་གོས་འགྲུལ་ལམ་ ༽གྱི་རིག་གནས་དངོས་རྫས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཞིང་། ཁོང་གིས་གནའ་བོའི་དར་གོས་འགྲུལ་ལམ་སྟེང་རྒྱལ་ཁབ་ཁག་གི་མི་དམངས་ཚོས་བསྐལ་པ་ཇི་སྲིད་བར་དུ་བསྔགས་པའི་མཛའ་མཐུན་ལེ་ཚན་བརྩམས་པ་དང་། ཐུན་མོང་དུ་མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་འགྲོ་བར་སྐུལ་འདེད་བཏང་ཡོད། དར་གོས་འགྲུལ་ལམ་གྱི་འོད་སྟོང་འབར་བའི་རིག་གནས་དང་རིན་ཐང་བྲལ་བའི་སྙིང་སྟོབས་སྔོག་འདོན་དང་། དར་གོས་འགྲུལ་ལམ་གྱི་མཛའ་བཤེས་དར་སྤེལ་བཏང་ནས་རིགས་རྒྱུད་མི་འདྲ་བ་དང་རིག་གནས་མི་འདྲ་བའི་རྒྱལ་ཁབ་དག་གིས་ཞི་བདེ་མཉམ་རོལ་དང་ཐུན་མོང་དུ་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས་ཞེས་བསྟན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།