འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་གསར་གྱི་ཁྲང་ཞིའི་མཚན་ཚོགས་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 08:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལོ་གསར་གྱི་ཁྲང་ཞིའི་མཚན་ཚོགས་པེ་ཅིང་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། 2015ལོའི་ལོ་གསར་གྱི་ཁྲང་ཞིའི་མཚན་ཚོགས་2014ལོའི་ཟླ་12ཚེས་30ཉིན་གྱི་དགོང་མོ་རྒྱལ་ཁབ་ཟློས་གར་ཁང་དུ་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྱིས་རྒྱལ་སའི་མང་ཚོགས་ཆིག་སྟོང་ལ་ཉེ་བ་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་ནས་ལོ་གསར་པར་བསུ་བ་ཞུས་པ་རེད།
         ཉིན་དེའི་དགོང་མོ་རྒྱལ་ཁབ་ཟློས་གར་ཁང་ནས་གློག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། ཟློས་གར་ཁང་ནང་དྲོ་སྐྱིད་ལྡན་ཞིང་དགོད་སྒྲ་ལྷང་ལྷང་དུ་གྲགས་ནས་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། ཆུ་ཚོད་19དང་སྐར་མ་45རུ་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མཚན་ཚོགས་སུ་ཕེབས་ནས་འཁྲབ་སྟོན་ལ་གཟིགས་པར་ཕེབས་པའི་སྒྱུ་རྩལ་པ་རྒན་གྲས་ཚོར་ཕྱག་བཏང་སྟེ་འཚམས་འདྲི་གནང་བའི་སྐབས་འདིར་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
         ཐོག་མར་མེ་ཏོག་སྣ་ཚོགས་འགྲན་པ་ལྟ་བུའི་<<ལི་ཡི་ལྡུམ་རའི་རོལ་དབྱངས་>>ཞེས་པའི་ཁྲང་ཞི་འཁྲབ་ནས་མཚན་ཚོགས་ཀྱི་འགོ་བརྩམས་ཤིང་། དེ་རྗེས་འཁྲབ་ཚན་སྣ་ཚོགས་འཁྲབ་སྟོན་བྱས་ནས་ལྟད་མོ་བར་བདེན་ལེགས་མཛེས་གསུམ་གྱི་སྒྱུ་རྩལ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་པ་རེད།
         པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བློ་མཐུན་ཁག་གཅིག རྒྱལ་དོན་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན་ཁག་གཅིག དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་ཀྱིས་འཁྲབ་སྟོན་ལ་གཟིགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།