འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་པ་ནོན་གྱིས་སི་རི་ཡའི་ཡུལ་གྱར་བ་རྒྱལ་ཁོངས་སུ་འཛུལ་རྒྱུར་ཚོད་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ལི་པ་ནོན་གྱི་སྤྱི་ཚོགས་བྱ་དོན་པུའུ་ཀྲང་ཏེར་པ་སེས་སྤྱི་ཚེས་གསུམ་ཉིན་ར་སྤྲོད་བྱས་པར། ལི་པ་ནོན་གྱི་ཉེན་རྟོག་ཕྱོགས་ཀྱིས་སྔར་ལས་ལྷག་པའི་བྱ་ཐབས་སྤྱད་ནས། སི་རི་ཡའི་ཡུལ་གྱར་བ་རྒྱལ་ཁོངས་དེར་འཛུལ་རྒྱུར་ཚོད་འཛིན་ནན་པོ་བྱ་རྒྱུ་ཡིན་པ་རེད། ཁོང་གིས་ལི་པ་ནོན་གྱི་བདེ་འཇགས་དཔུང་སྡེས་སི་རི་ཡ་བ་ལི་པ་ནོན་གྱི་རྒྱལ་ཁོངས་སུ་འཛུལ་རྒྱུའི་ཐད་གཏན་འབེབ་གསར་པ་བཟོས་ཡོད་པ་སྟེ། རྒྱལ་ཁོངས་དེའི་ནང་འཛུལ་བའི་རེ་ཞུའི་རེའུ་མིག་འགོད་དགོས་དང་། སྨན་བཅོས་བྱེད་དགོས་པར་སྐྱོད་དགོས་ཚེ་སྨན་པའི་བརྟག་དཔྱད་སྙན་ཞུ་སྟོན་དགོས་པ། ཡུལ་སྐོར་ལ་སྐྱོད་མཁན་ཡིན་ཚེ་འགྲུལ་ཁང་མངགས་ཐོ་སྟོན་དགོས་པ། སློབ་གྲྭར་སྐྱོད་མཁན་ཡིན་ཚེ་སློབ་ཚུད་བརྡ་ཐོ་སྟོན་དགོས་པ། ཚོང་དོན་འཚམས་འདྲི་ཡིན་ན་ཁེ་ལས་བདག་པོའམ་མ་འཇོག་བྱེད་མཁན་ཡིན་པའི་དཔང་ཡིག་སོགས་དགོས་པ་མ་ཟད། ཆབས་ཅིག་ལོ་པ་ནོན་དུ་སྡོད་པའི་དུས་ཚོད་ཐད་ཚད་བཀག་བཟོས་ཡོད། གལ་སྲིད་ལུགས་མཐུན་གྱི་རྒྱུ་མཚན་མེད་ཚེ་རྒྱལ་ཁོངས་ནང་འཛུལ་དུ་འཇུག་རྒྱུ་མིན། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱ་དགོས་པའི་ཡུལ་གྱར་བ་ཡིན་ཚེ་ལི་པ་ནོན་གྱི་སྤྱི་ཚོགས་བྱ་དོན་པུའུ་ཡིས་ཞིབ་དཔྱད་བྱ་དགོས་ཞེས་གསུངས་འདུག
      

    ཕྱོགས་བསྡུས་གསར་འགྱུར།