འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ◆ གཅིག ཡུག་རེན་གྱི་ཉམས་ཉེན་ཚབས་ཆེར་སོང་བ་དང་ཨ་རི་དང་། ཡོ་རོབ། ཨུ་རུ་སུ་བཅས་དབར་བཀག་སྡོམ་དང་བཀག་སྡོམ་ལ་ངོ་རྒོལ་བྱས་པ་ལས་དཔལ་འབྱོར་ཉེན་ཁ་འཕྲད་པ།
         ཟླ་2ཚེས་22ཉིན་ཡུག་རེན་གྱི་གྲོས་ཚོགས་ཀྱིས་ཙུང་ཐུང་ཡ་ནུའུ་ཁོའོ་ཝེ་ཆིའི་གོ་གནས་ཕབ་པ་དང་ངོ་རྒོལ་ཤོག་ཁག་གིས་སྲིད་དབང་ཁྱོན་ཡོངས་ནས་དོ་དམ་བྱས་པ་རེད། ཡུག་རེན་ཤར་རྒྱུད་ས་ཁུལ་གྱིས་རང་བཙན་བྱ་རྒྱུའི་རེ་བ་བཏོན་ནས་དྲག་ཆས་གདོང་ཐུག་གི་གནས་ཚུལ་ཐོན་ཡོད། ཟླ་3ཚེས་21ཉིན་ཨུ་རུ་སུས་ཁེ་ལི་མི་ཡ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ནང་དངོས་སུ་བཅུག་པ་དང་ཨ་རི་དང་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཨུ་རུ་སུར་བཀག་སྡོམ་ཐེངས་མང་བྱས་པ་དང་ཨུ་རུ་སུས་བཀག་སྡོམ་ལ་ངོ་རྒོལ་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཨུ་རུ་སུ་དང་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཁ་ཤས་ལ་དཔལ་འབྱོར་གྱི་གནོན་ཤུགས་ལྕི་པོ་སྤྲད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      

    ཕྱོགས་བསྡུས་གསར་འགྱུར།