འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།སང་ལོའི་སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ཁེ་ལས་ཆུང་ངུའི་སྲིད་འཛིན་ལས་དོན་
    རང་བཞིན་གྱི་གླ་རིན་བསྡུ་བའི་རྣམ་གྲངས༥༤མེད་པར་བཟོ་རྒྱུ་རེད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་04ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། སྤྱི་ཚེས༢༩ཉིན་ནོར་སྲིད་པུའུ་དང་རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཁེ་ལས་དང་ལྷག་པར་དུ་ཁེ་ལས་ཆུང་ངུའི་ཁུར་པོ་ཇེ་ཡང་དུ་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བཞིན། སྤྱི་ལོ༢༠༡༥ལོའི་སྤྱི་ཟླ༡པའི་ཚེས༡ཉིན་ནས་བཟུང་སྲིད་འཛིན་ལས་དོན་རང་བཞིན་གྱི་གླ་རིན་བསྡུ་བའི་རྣམ་གྲངས༥༤མེད་པར་བཟོ་རྒྱུའམ་མཚམས་འཇོག་བྱ་རྒྱུ་རེད། དེ་མིན་གང་འདོད་དུ་གླ་རིན་བསྡུ་པའི་གནས་ཚུལ་མཐའ་གཅིག་ཏུ་མེད་པར་བཟོ་རྒྱུ་དང་ཆོག་མཆན་མ་གནང་བ་དང་དབང་ཆ་ལས་བརྒལ་བའི་སྲིད་འཛིན་ལས་དོན་རང་བཞིན་གྱི་གླ་རིན་བསྡུ་བའི་རྣམ་གྲངས་ཚང་མ་མེད་པར་བཟོ་རྒྱུ་རེད། བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལྟར་བཙུགས་པའི་སྲིད་འཛིན་ལས་དོན་རང་བཞིན་གྱི་གླ་རིན་བསྡུ་བའི་དཀར་ཆག་ལ་དོ་དམ་བྱ་དགོས་པ་དང་། དཀར་ཆག་ནང་མ་ཚུད་པའི་གླ་རིན་བསྡུ་རྒྱུ་ཚང་མ་གཅིག་ཀྱང་ལག་བསྟར་བྱ་མི་ཆོག་ཅེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།