འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་24ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།
            མིདམངས་དྲ་བའི་འཕྲིན། ཟླ་12ཚེས་22ཉིན་ནས་23ཉིན་བར་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་ཤིང་། གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་གཏིང་ཟབ་པོ་བསྟར་བ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ།དེ་བཞིན་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ། 2014ལོའི་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ཕྱོགས་བསྡོམས། བསྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུའི་བྱ་ཐབས་གལ་ཆེན་ཞིབ་འཇུག སང་ལོ་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བཅས་བྱས་པ་རེད།
           གྲོས་ཚོགས་ཐོག་ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བར་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཡོང་བར་འགན་སྲུང་བྱ་རྒྱུ་ལས་འགན་གཙོ་གལ་ཆེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་འབྲུ་རིགས་གཞི་རྩའི་ཐོག་རང་མཁོ་རང་འདང་དང་། བཟའ་འབྲུ་གནོད་མེད་ཐག་ཆོད་ཡིན་པར་འགན་ལེན་ཏན་ཏིག་བྱ་དགོས་པ་དང་། ལམ་སྲོལ་གསར་གཏོད་དང་སྲིད་ཇུས་འཐུས་སྒོ་ཚང་བ་བྱས་ནས་འབད་བརྩོན་ཆེན་པོས་ལས་དོན་ཁག་ལེགས་འགྲུབ་བྱ་དགོས་ཞེས་ནན་བཤད་བྱས་པ་རེད།
           གྲོས་ཚོགས་ཐོག་ཞིང་ལས་དེང་རབས་ཅན་དུ་འགྱུར་བར་བྱེད་པ་ནི་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བར་བྱེད་པའི་རྨང་གཞི་དང་འདེགས་སྐྱོར་ཡིན་མོད། འོན་ཀྱང་མིག་སྔར་སྔར་བཞིན་“མི་འདང་ས་”འབུར་ཐོན་ཡིན་པ་དང་། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུའི་དཀའ་གནད་གཙོ་བོ་སྔར་བཞིན་གྲོང་གསེབ་ཏུ་ཡོད་པ་རེད།རང་རྒྱལ་གྱི་དཔལ་འབྱོར་གོང་དུ་འཕེལ་ཚུལ་རྒྱུན་ལུགས་གསར་པར་འཕེལ་བས། ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གང་མགྱོགས་གཏོང་རྒྱུ་དེ་འཕར་སྣོན་བརྟན་པོར་ཡོང་བ་དང་། གྲུབ་ཚུལ་ལེགས་སྒྲིག  མང་ཚོགས་ལ་ཕན་པ་བཅས་བྱ་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། ཚོགས་པ་ཆེ་ཤོས་ཡིན་པའི་ཞིང་པ་རྣམས་ཀྱི་འཛད་སྤྱོད་བག་ཉལ་སྟོབས་ཤུགས་འདོན་སྤེལ་བྱེད་དུ་བཅུག་ན། འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་ཐུབ་པ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་རྗེས་ལུས་ཐེབས་པས། དེར་མ་དངུལ་འཇོག་གྲངས་འཕར་སྣོན་གསར་པ་གཏོང་རྒྱུའི་དགོས་མཁོ་ཧ་ཅང་ཆེ་བས། བར་སྟོང་འདི་བཀོལ་སྤྱོད་ལེགས་པར་བྱས་ན།མ་དངུལ་གྱི་གནད་འགག་ཆེ་བའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་ཐུབ་ཅིང་། ཞིང་ལས་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ན། ཐོན་ལས་གསར་པ་དང་། གཉེར་སྐྱོང་བྱེད་ཚུལ་གསར་པ། གཉེར་སྐྱོང་བྱེད་སྟངས་གསར་པ་བཅས་ཧ་ཅང་མང་པོ་འགྲུབ་པ་དང་། དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་ཐུབ་ཅེས་བསྟན་པ་རེད།
    ༄༅།།ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།