འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་25ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་དངུལ་རྩའི་ཐོག་ནས་ཁེ་ལས་༼ཕྱིར་སྐྱོད་པར་༽རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག། རིམ་པ་སྤར་བར་སྐུལ་སྤེལ་བཅས་བྱེད་པར་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་པ་དང་།ནོར་སྲིད་ཀྱི་གསོག་འཇོག་མ་རྩ་གང་འགབ་ཅི་སྤྱོད་སྔར་ལས་ལེགས་པར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ཞབས་ཞུ་སྔར་ལས་ལེགས་པར་ཞུགས་རྒྱུའི་གཏན་འབེབས་བྱས་ཤིང་། དབང་པོ་སྐྱོན་ཅན་གྱི་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུའི་བྱ་ཐབས་གཏན་འབེབས་བྱས་ཏེ་འཕེལ་རྒྱས་གྲུབ་འབྲས་ལོངས་སྤྱོད་མཉམ་དུ་བྱས་ཐོག་ཐུན་མོང་དུ་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་དགོས་དོན་གཏན་འབེབས་གསལ་པོར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།