འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོའི་བོད་ལྗོངས་ཀྱི་རྩོམ་པ་པོའི་སྨྱུག་ཚོགས་ལྷ་སར་འཚོག་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་25ཉིན། 08:59】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། 2014ལོའི་བོད་ལྗོངས་ཀྱི་རྩོམ་པོ་པོའི་སྨྱུག་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རིག་རྩལ་ལས་དོན་སྐོར་གྱི་བཞུགས་མོལ་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་རེད།
           བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཞའོ་ཧྥུང་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དགྲ་འདུལ་རྣམ་གཉིས་ཚོགས་འདུར་ཕེབས་པ་དང་སྦྲགས་གཏམ་བཤད་ཀྱང་གནང་བ་རེད། ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཀྲི་ཀྲུང་དང་། ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལྗོངས་རྩོམ་པ་པོ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བ། གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དབྱང་ཧྲོང་ཝང་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད།
           བོད་ཀྱི་སྐབས་བདུན་པའི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་ཐོབ་མཁན་རྩོམ་པ་པོ་ཚོར་བཀྲ་ཤིས་བདེ་ལེགས་ཞུས་རྗེས་ཀྲང་ཞའོ་ཧྥུང་གིས་རྩོམ་པ་པོའི་སྨྱུག་ཚོགས་འཚོག་རིང་རྩོམ་པ་པོ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་སྔར་བས་ལེགས་པའི་སློབ་སྦྱོང་དང་། སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་མཐོར་གཏོང་བྱེད་པ་བཅས་བྱས་ནས་གསར་རྩོམ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་རྩོམ་རིག་གསར་རྩོམ་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། མང་ཚོགས་ཚོའི་འཚོ་བ་དངོས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་སོ་སོའི་སྨྱུ་གུར་བརྟེན་ནས་བོད་གསར་པ་དང་། འཕེལ་རྒྱས་གསར་པ། འཕོ་འགྱུར་གསར་པ། འཚོ་བ་གསར་པ་བཅས་ལ་བསྟོད་བསྔགས་འབུལ་བའི་རྩོམ་རིག་བརྩམས་ཆོས་སྔར་བས་མང་པོ་གསར་རྩོམ་བྱེད་རྒྱུའི་ཐུགས་རེ་གནང་བ་རེད།
           གཞན་ཡང་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ་དང་། དམངས་འཚོ་ལ་བརྟེན་ནས་གྲོང་ཁྱེར་བདེ་རུ་འགོད་པ། ཁྲིམས་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་བརྟན་ལྷིང་དུ་གཏོང་བ་སོགས་ཀྱི་ཐད་ནས་ཀྱང་ལྷ་སར་གྲུབ་འབྲས་ཡག་པོ་ཐོབ་ཡོད། རྩོམ་པ་པོའི་སྨྱུག་ཚོགས་འཚོག་རིང་རྩོམ་པ་པོ་ཚོས་ལྷ་སའི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་རིག་གནས་མྱོང་ཚོར་བྱེད་བཞིན་ལྷ་སའི་བརྟན་ལྷིང་དང་། འཕེལ་རྒྱས། ཤེས་དཔལ། ཞི་མཐུན་བཅས་ཀྱི་གོམས་སྟབས་ཆེན་པོར་བདེན་དཔང་ཡང་བྱེད་ཆོག དགྲ་འདུལ་གྱིས་ལྷ་སའི་ཞིང་ས་གཤིན་པོ་དེའི་ཐོག་རྩོམ་པ་པོ་ཚོར་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་གྱི་རིག་པའི་ཀློང་བརྡོལ་ནས་རྩོམ་རིག་གསར་རྩོམ་གྱི་ལམ་བུའི་ཐོག་བརྩམས་ཆོས་ཕུལ་དུ་བྱུང་བ་མང་པོ་རྩོམ་ཐུབ་རྒྱུའི་ཐུགས་རེ་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།