འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ལོ་སི། འབར་མ། ཐེ་ལན་བཅས་ཀྱིས་མེའི་ཀུང་ཆུ་པོར་མཉམ་འབྲེལ་སྐོར་ཞིབ་
    ཁྲིམས་འཛིན་ཐེངས་༢༩བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་25ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མེའི་ཀུང་ཆུ་བོར་མཉམ་འབྲེལ་སྐོར་ཞིབ་ཁྲིམས་འཛིན་ཐེངས་༢༩བྱེད་རྒྱུ་དེ་སྤྱི་ཚེས་༢༣ཉིན་གྱི་སྔ་དྲོ་ཡུན་ནན་ཞིང་ཆེན་ཤི་ཧྲོང་བན་ན་ཁུལ་གྱི་ཀོན་ལེའི་གྲུ་ཁར་འགོ་ཚུགས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཁྲིམས་འཛིན་བྱ་སྤྱོད་དུས་ཡུན་ཉིན་བཞི་དང་མཚན་མོ་གསུམ་བྱ་རྒྱུ་དང་ཁྲིམས་འཛིན་རུ་ཁག་ནས་མཉམ་འབྲེལ་ཐོག་ཡོངས་བསྒྲགས་སྔོག་བཤེར་དང་དུག་འགོག་དྲིལ་བསྒྲགས། བབ་བསྟུན་གྱིས་གློ་བུར་དུ་ཐོན་པའི་དོན་གཞི་ཐག་གཅོད་ཀྱི་འཐབ་རྩལ་སྤེལ་རེས། དངོས་རྫས་ཞལ་འདེབས་རྒྱག་པ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་མ་ཟད་མཉམ་འབྲེལ་སྐོར་ཞིབ་ཁྲིམས་འཛིན་བྱས་ནས་ལོ་གསུམ་སོང་ཚུན་ཆུ་བོའི་འགྲམ་གྱི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་བསམ་འཆར། གྲོས་འགོ་བཅས་ལ་བརྟག་ཞིབ་བྱས་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་འཛིན་རུ་ཁག་གིས་ཅིན་སན་ཇའོ་ཆུ་ཁོངས་སུ་མཉམ་འབྲེལ་ཐོག་ཡོངས་བསྒྲགས་སྔོག་བཤེར་དང་མཉམ་འབྲེལ་འཚམས་འདྲི་ཞུ་བ། དུག་འགོག་དྲིལ་བསྒྲགས་བྱས་ནས་མེའི་ཀུང་ཆུ་བོའི་དུག་རྫས་ལྐོག་འཚོང་བྱེད་པ་དང་མེ་མདའ་ལྐོག་འཚོང་། ལྐོག་ཏུ་རྒྱལ་ཁོངས་སྒྲོལ་བ། མི་ལྐོག་འཚོང་སོགས་རྒྱལ་ཁོངས་འགྲོལ་བའི་ཉེན་བསག་ལ་དོགས་ཟོན་དང་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
          ཀྲུང་གོ་དང་ལོ་སི། འབར་མ། ཐེ་ལན་བཅས་ཀྱིས་མེའི་ཀུང་ཆུ་བོར་མཉམ་འབྲེལ་སྐོར་ཞིབ་ཁྲིམས་འཛིན་བྱེད་རྒྱུ་དེ་སྤྱི་ལོ་༢༠༡༡ལོའི་ཟླ་༡༢ཚེས་༡༠ཉིན་དངོས་སུ་འགོ་བཙུགས་ཚུན་དུ་ཁྲིམས་འཛིན་བྱ་སྤྱོད་ཐེངས་༢༨སྤེལ་ཡོད་པ་རེད། ལོ་གསུམ་ལྷག་སོང་ཚུན་དུ་མཉམ་འབྲེལ་སྐོར་ཞིབ་ཁྲིམས་འཛིན་བྱེད་རྒྱུ་རིམ་བཞིན་ཟླ་བ་རེར་ཐེངས་རེ་བྱེད་པའི་རྒྱུན་ལྡན་ཅན་གྱི་བྱེད་སྟངས་ལ་གྱུར་ཡོད་པ་དང་ཀྲུང་གོ་དང་ལོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞིའི་ཁྲིམས་འཛིན་སྡེ་ཁག་བར་སྤེལ་རེས་འགྲོ་འོང་བྱེད་རྒྱུ་དེ་བས་ཟབ་དུ་ཕྱིན་ཡོད་པ་དང་མཉམ་ལས་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ནས་ཆུ་ཐོག་མཉམ་འབྲེལ་འཚོལ་སྐྱོབ་ལས་དོན་སྤེལ་བ་དང་ཚབས་ཆེའི་ནད་ཡམས་གནས་ཚུལ་ལ་བབ་བསྟུན་ལན་ཆ་བྱེད་པའི་སྒྲིག་གཞི་བཙུགས་པ། བདེ་འཇགས་ཆུ་ལམ་གྱི་མཉམ་འབྲེལ་དུག་སེལ་བྱ་སྤྱོད་སོགས་སྤེལ་བ་དང་མེའི་ཀུང་ཆུ་བོ་རྒྱུགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།