འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་25ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༢༤ཉིན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་སྐོང་ཚོགས་བྱས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གྲོས་ཚོགས་ལ་ཞུགས་པ་མ་ཟད། གསུང་བཤད་ཀྱང་གནང་ཡོད་པ་རེད།
           ལིའུ་ཡན་ཏུང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་རང་རྒྱལ་གྱི་གཅིག་གྱུར་དང་མི་རིགས་མང་བའི་རྒྱལ་ཁབ་ཀྱི་གཞི་རྩའི་རྒྱལ་ཚུལ་དང་མི་རིགས་ལས་ཀའི་དུས་མཚམས་རང་བཞིན་གྱི་དམིགས་བསལ་ཁྱད་ཆོས་ཁོང་དུ་ཆུད་པ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུ་རྒྱུན་འཁྱོངས་བྱེད་པ། མི་རིགས་མང་པོའི་བར་གྱི་འགྲོ་འོང་དང་སྤེལ་རེས། འབྲེལ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་མང་པོའི་ཐུན་མོང་གི་སེམས་པའི་ཁྱིམ་གཞི་འཛུགས་པ་བཅས་བྱས་མཐར། འབད་བརྩོན་ཆེན་པོས་མི་རིགས་ལས་ཀའི་རྣམ་པ་གསར་པ་གཏོད་དགོས་ཞེས་དང་། ལིའུ་ཡན་ཏུང་གིས་མིག་སྔ་དང་སླད་ཕྱིན་གྱི་དུས་མཚམས་ཤིག་རིང་། མི་རིགས་ལས་ཀའི་འཐབ་ཕྱོགས་ཐད་ཏན་ཏིག་ངང་འགན་སེམས་ཆེ་རུ་གཏོང་བ་དང་ཁ་ཚ་དགོས་གཏུག་གི་བསལ་བློ་ཤུགས་ཆེར་བཏང་ནས་མི་རིགས་ལས་དོན་དེ་ཁྲིམས་སྐྱོང་ཅན་གྱི་འཁོར་ལམ་དུ་སྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་ཐུན་མོང་ཐོག་དར་རྒྱས་དང་གོང་འཕེལ་ཡོང་བྱེད་དགོས་པ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ཆུ་ཚད་གོང་མཐོར་ཤུགས་ཆེ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་འཚོའི་གནད་དོན་གལ་ཆེ་རིགས་གཙོ་གནད་དུ་ཐག་གཅོད་བྱེད་དགོས་པ། གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་གྲོང་ཁྱེར་ནང་འཛུལ་སྐབས་འབྲེལ་ཡོད་ཞབས་ཞུ་དང་དོ་དམ། སློབ་གསོ་བཅས་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས་པ། ལས་བྱེད་དཔུང་ཁག་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་ལྟར་མི་རིགས་བྱ་དོན་དོ་དམ་བྱེད་པའི་ནུས་པ་ཆེ་རུ་བཏང་ནས་ཀྲུང་ཧ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུག་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ལྷག་པ་འབུལ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།