འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་ཐེ་ལན་གྱི་ཙུང་ལི་པ་ཡུས་དང་མཇལ་འཛོམས་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་25ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཐེ་ལན་གྱི་ཙུང་ལི་པ་ཡུས་དང་མཇལ་འཛོམས་གནང་བ་རེད། ཞིས་ཅིན་ཕིང་གིས་ཟླ་བ་གོང་མར་ང་ཚོ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུའི་རིང་ཐུག་འཕྲད་བྱུང་བ་རེད། ཟླ་བ་གཅིག་རིང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སླར་ཡང་གྲུབ་འབྲས་གསར་པ་ཐོབ་པ་དང་ལྷག་པར་དུ་ལྕགས་ལམ་མཉམ་ལས་ལ་ཚད་བརྒལ་གལ་ཆེན་བྱུང་བ་དེར་ང་འདོད་བློ་ཁེངས་པོ་བྱུང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་རྟག་ཏུ་ཕན་ཚུན་འཚམས་འདྲི་དང་ཐུག་འཕྲད་བྱས་པ་ནི་“ཀྲུང་ཐེ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ངས་ཐེ་ལན་མི་དམངས་ལོ་གསར་པའི་ནང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
           ཞིས་ཅིན་ཕིང་གིས་སང་ལོ་ནི་ཀྲུང་ཐེ་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་པས་ང་ཚོས་མཉམ་དུ་རྟེན་འབྲེལ་བྱེད་སྒོ་ཡག་པོ་གཉེར་བ་དང་། སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱས་ཏེ་ཀྲུང་ཐེའི་འབྲེལ་བའི་འཕེལ་རྒྱས་དེ་བས་ཡག་པོ་ཡོང་བ་བྱེད་དགོས། ཕྱོགས་གཉིས་པོས་ཕན་ཚུན་གྱི་ཁེ་ཕན་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུར་མཐའ་འཁྱོངས་བྱེད་དགོས། ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་ཀྱི་ཐད་ཐེ་ལན་གྱིས་འབད་བརྩོན་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་བརྩི་འཇོག་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་ཐེའི་མཉམ་ལས་དེ་ཉིད་སྔ་ཕྱི་བར་གསུམ་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་མདུན་གྲལ་དུ་སླེབས་པས་ཕྱོགས་གཉིས་པོས་ལྕགས་ལམ་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ། ས་ཁོངས་དང་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་ཁྲིད་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           པ་ཡུས་ཀྱིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་ནུས་པ་གལ་ཆེན་ལ་ཐེ་ལན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ་ཀྲུང་གོའི་མི་དམངས་ལ་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་སྔ་ཙམ་མངོན་འགྱུར་ཡོང་རྒྱུར་སྙིང་ཐག་པ་ནས་སྨོན་འདུན་ཞུ་གི་ཡོད། ཐེ་ལན་གྱིས་སྒྱུར་བཅོས་དང་འཕེལ་རྒྱས་ལ་འབད་བརྩོན་བྱེད་བཞིན་ཡོད་པས་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ་དེ་བས་ཟབ་པའི་ཐེ་ཀྲུང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཐེ་ཀྲུང་ཕྱོགས་གཉིས་པོས་ལྕགས་ལམ་མཉམ་ལས་ཐད་གྲོས་མཐུན་བཞག་པ་དེ་ནི་ཐེ་ལན་མི་དམངས་ལ་ཕུལ་བའི་ལོ་གསར་གྱི་ལག་རྟགས་ཡག་ཤོས་ཤིག་རེད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།