འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞིས་དང་གྲོས་མོལ་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་25ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞིས་དང་གྲོས་མོལ་གནང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞིས་དང་གྲོས་མོལ་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཨེའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ཐུན་མོང་ཐོག་གཏན་འཁེལ་གནང་བ་རེད། ཞིས་ཅིན་ཕིང་གིས་ཨེ་ཅིབ་ནི་ཨ་རབ་དང་། གླིང་ཆེན་ཨ་ཧྥེ་རིཁ། དབྱི་སི་ལམ་བཅས་ཀྱི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཀྲུང་ཨེའི་འབྲེལ་བ་ནི་ཀྲུང་གོ་དང་ཨ་རབ་དང་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་འབྲེལ་བ་དང་ལྷོ་ལྷོ་མཉམ་ལས་ཀྱི་མིག་དཔེ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་དབར་གྱི་འབྲེལ་བར་ཚད་མཐོའི་སྣང་ཆེན་བྱེད་ཀྱི་ཡོད། ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཟབ་ཏུ་གཏོང་རྒྱུ་ཐུན་མོང་ཐོག་གཏན་འཁེལ་བྱས་པ་དེ་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་ནང་གི་མཉམ་ལས་དེ་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུར་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད་ཅེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཀྱི་དུས་བབ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་ཨེ་ཅིབ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཨེ་ཅིབ་སྲིད་གཞུང་དང་མི་དམངས་ལ་མདུན་སྐྱོད་ཀྱི་ལམ་བུའི་ཁྲོད་འཕྲད་པའི་གནད་དོན་སྣ་ཚོགས་ཐག་གཅོད་ཡག་པོ་བྱས་ནས་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བ་བྱེད་པའི་བློ་གྲོས་ཡོད་ལ་ནུས་པའང་ཡོད་པའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
          སའེ་ཞིས་ཀྱིས་ཨེ་ཀྲུང་དབར་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཨེ་ཅིབ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་སྔ་ཤོས་ཀྱི་ཨ་རབ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཅིག་ཡིན་པ་དེ་ཐོག་ནས་ཨེ་ཅིབ་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་གལ་ཆེན་དེར་ཁས་ལེན་དང་བསྔགས་བརྗོད་བྱེད་ལུགས་མཚོན་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་དང་རོགས་རམ་བྱེད་པ་དང་ལྷག་དོན་དུ་ཉེ་བའི་ལོ་ཤས་རིང་ཨེ་ཅིབ་མི་དམངས་ཀྱི་འཕོ་འགྱུར་གྱི་རེ་ཞུར་བསམ་ཤེས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨེ་ཅིབ་ཀྱིས་འབད་བརྩོན་ཆེན་པོས་རྒྱལ་ཁབ་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བ་བྱེད་ཀྱི་ཡོད། ང་ཚོས་ཀྲུང་གོ་ཕྱོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་ཆབ་སྲིད་དང་། དཔལ་འབྱོར། རིག་སྐྲུན། དམག་དོན། བདེ་འཇགས་སོགས་ཁྱབ་ཁོངས་ནང་མཛའ་མཐུན་མཉམ་གནས་ལ་ཤུགས་སྣོན་རྒྱག་རྒྱུའི་སེམས་ཤུགས་ཡོད། རང་ཉིད་དང་ཨེ་ཅིབ་མི་དམངས་ཀྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གང་མགྱོགས་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
           ཞིས་ཅིན་ཕིང་གིས་རང་ཉིད་ཕྱོགས་གཉིས་པོ་སྟབས་བདེ་ཡོད་པའི་དུས་སུ་ཨེ་ཅིབ་ལ་འཚམས་འདྲིར་འགྲོ་འདོད་ཡོད། ཀྲུང་ཨེ་ཕྱོགས་གཉིས་པོས་ད་དུང་སྲིད་ཏང་དང་ཁྲིམས་འཛུགས་སྒྲིག་གཞི་དང་དམངས་ཁྲོད་སྤེལ་རེས་ཟབ་ཏུ་གཏོང་བ་དང་རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་ལོངས་སྤྱོད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་ཐུན་མོང་ཐོག་འཛུགས་སྐྲུན་བྱེད་པའི་གྲོས་འགོ་དེ་ཨེ་ཅིབ་ཀྱི་འཕེལ་རྒྱས་འཆར་འགོད་གལ་ཆེན་དང་སྦྲེལ་མཐུད་བྱེད་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཉིང་རྡུལ་གློག་ཤུགས། ནུས་རྒྱུ་གསར་པ། མཁའ་སྐྱོད་སོགས་ཁྱབ་ཁོངས་ནང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་འོས་འཚམ་གྱི་མ་འཇོག་དང་མ་དངུལ་མཉམ་བསྲེས་བཀོད་སྒྲིག་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
           སའེ་ཞིས་ཀྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་“ཁུལ་གཅིག་དང་ལམ་བུ་གཅིག”ཐུན་མོང་ཐོག་འཛུགས་སྐྲུན་བྱ་རྒྱུའི་གྲོས་འགོ་དེས་ཨེ་ཅིབ་བསྐྱར་དར་ཡོང་བར་གོ་སྐབས་བཟང་པོ་གལ་ཆེན་མཁོ་འདོན་བྱས་པས་ཨེ་ཅིབ་ཕྱོགས་ཀྱིས་ཧུར་ཐག་ཞུགས་པ་མ་ཟད་རྒྱབ་སྐྱོར་ཡང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།