འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།ལྷ་ས་གྲོང་ཁྱེར་ལ་༼འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་རིང་དམིགས་བསལ་
    ལེགས་སྐྱེས་འབུལ་མཁན་གྱི་གྲོང་ཁྱེར་༽ཞེས་པའི་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་25ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན་༼བདེན་འཚོལ་༽དུས་དེབ་ཁང་དང་༼འབྱོར་འབྲིང་༽དུས་དེབ་ཁང་གིས་གཙོ་གཉེར་བྱས་པའི་“2014ལོའི་ཀྲུང་གོའི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་གླེང་སྟེགས་སྐབས་དགུ་པ་”པེ་ཅིང་དུ་འཚོགས། ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་ལ་“ཀྲུང་གོའི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་རིང་དམིགས་བསལ་ལེགས་སྐྱེས་འབུལ་མཁན་གྱི་གྲོང་ཁྱེར་”ཞེས་པའི་བྱ་དགའ་ཐོབ་པ་རེད།
          ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་འོག་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གྲོང་མིའི་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཧུར་ཐག་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ནས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པ་དང་། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ། དམངས་འཚོར་བརྟེན་ནས་གྲོང་ཁྱེར་བདེ་འཇགས་ཡོང་བ་བྱེད་པ། ཁྲིམས་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་བརྟན་ལྷིང་ཡོང་བ་བྱེད་པ”བཅས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། དམངས་འཚོ་རྒྱུན་མཐུད་ལེགས་གཏོང་། རིག་གནས་དར་རྒྱས་གོང་འཕེལ། སྣོད་བཅུད་སྲུང་སྐྱོང་བཟང་པོ་བཅས་ཀྱི་དགའ་འོས་པའི་དུས་བབ་ཅིག་མངོན་པ་དང་། “ལྷ་སའི་མྱུར་ཚད”དང་།“ལྷ་སའི་ངོ་མཚར”“ལྷ་སའི་སྣང་ཚུལ”བཅས་བཏོད་པ། ལྷག་པར་དུ་མི་དམངས་ཀྱི་འཚོ་བའི་བདེ་སྐྱིད་སྟོན་གྲངས་སྔར་བྱུང་མྱོང་མེད་པའི་སྒོ་ནས་མཐོ་རུ་ཕྱིན་པ་བཅས་རེད། ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་ཡོངས་ཀྱི“མི་སེར་གྱི་བདེ་སྐྱིད་ཚོར་སེམས་ཆེ་ཤོས་ཀྱི་གྲོང་ཁྱེར”དུ་ལོ་7བསྟུད་མར་བདམས་པ་དང་། གྲོང་ཁྱེར་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུར་བློ་ཡིད་ཚིམ་ཚད་ལོ་3བསྟུད་མར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ་38ནང་གི་ཨང་དང་པོ་ཡིན་པ། རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་དང་། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར། རྒྱལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དཔེ་སྟོན་གྲོང་ཁྱེར། རྒྱལ་ཡོངས་ཀྱི་སྐྱེད་ཚལ་གྲོང་ཁྱེར། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར། རྒྱལ་ཡོངས་ཀྱི་དམངས་འཚོའི་དཔེ་མཚོན་གྲོང་ཁྱེར་སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།