འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅༎རང་རྒྱལ་གྱིས་ལས་ཁུངས་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་
    བཅོས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་25ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
             སྐབས་༡༢པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་༡༢པའི་ཐོག་སྤྱི་ཚེས་༢༣ཉིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ལས་དོན་ལ་གཅིག་གྱུར་སྐུལ་འདེད་གཏོང་བའི་ལས་དོན་གནས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུར་གྲོས་ཞིབ་བྱས་པ་དང་སྙན་ཞུའི་ནང་། རང་རྒྱལ་གྱིས་ལས་ཁུངས་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཅིག་གྱུར་གྱི་རྒན་གསོའི་འགན་བཅོལ་ལམ་ལུགས་འཛུགས་རྒྱུ་རེད་ཅེས་བསྟན་འདུག
          སྙན་ཞུའི་ནང་། ཀྲུང་དབྱང་གི་བཀོད་སྒྲིག་ལྟར་འབྲེལ་ཡོད་སྡེ་ཁག་གིས་རྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་བྱེད་པ་དང་རིག་པས་ཁུངས་སྐྱེལ་ཡང་སྐོར་སྐྱར་སྐོར་བྱས་པ་བརྒྱུད་སྒྱུར་བཅོས་ཇུས་གཞི་ཟིན་བྲིས་བརྒྱབ་ཟིན་པ་མ་ཟད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་པ་རེད་ཅེས་བསྟན་འདུག
          སྒྱུར་བཅོས་ཀྱི་གཞི་རྩའི་བསམ་ཇུས་ནི་གཅིག་གྱུར་གཅིག་དང་དུས་གཅིག་ཏུ་བྱེད་རྒྱུ་ལྔ་ཡིན་ཞིང་གཅིག་གྱུར་གཅིག་ཟེར་བ་ནི་ཏང་སྲིད་ལས་ཁུངས་དང་བྱ་གཞག་ཚན་པས་ཁེ་ལས་དང་གཅིག་མཚུངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཛུགས་རྒྱུ་དང་ལས་ཁུངས་དང་མི་སྒེར་གྱིས་དངུལ་སྤྲད་ནས་འགན་ཡོལ་ཞུས་པའི་དངུལ་རྩིས་རྒྱག་པ་དང་སྤྲོད་རྒྱུའི་བྱ་ཐབས་ལ་སྒྱུར་བཅོས་བྱེད་པ་དང་ལམ་ལུགས་དང་སྒྲིག་གཞིའི་ཐོག་ནས་ལམ་ལུགས་གཉིས་ཀྱི་འགལ་ཟླ་སེལ་རྒྱུ་ཡིན་པ་དེ་རེད།
          དུས་གཅིག་ཏུ་བྱེད་རྒྱུ་ལྔ་ཞེས་པ་ནི་ལས་ཁུངས་དང་བྱ་གཞག་ཚན་པ་དུས་གཅིག་ཏུ་སྒྱུར་བཅོས་བྱེད་རྒྱུ་དང་ལས་རིགས་ཀྱི་ལོ་རེའི་མ་དངུལ་དང་གཞི་རྩའི་འགན་གསོའི་འགན་བཅོལ་ལམ་ལུགས་དུས་གཅིག་ཏུ་འཛུགས་རྒྱུ། རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་དང་གླ་ཕོག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ། ཐོབ་ཐང་ལེགས་སྒྲིག་སྒྲིག་གཞི་དང་གླ་རིན་རྩིས་བརྒྱབ་ནས་སྤྲོད་རྒྱུའི་བྱ་ཐབས་ལ་དུས་གཅིག་ཏུ་སྒྱུར་བཅོས་བྱེད་རྒྱུ། སྒྱུར་བཅོས་དེ་རྒྱལ་ཡོངས་ཁྱབ་ཁོངས་ནང་དུས་གཅིག་ཏུ་ལག་བསྟར་བྱེད་རྒྱུ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།