འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་དམག་ཨུད་ཀྱི་སྐོར་ཞིབ་ཚོགས་ཆུང་གིས་དམག་ཁུལ་ཁང་བདུན་ལ་སྐོར་ཞིབ་
    བྱེད་མཇུག་སྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་23ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་ཇུས་བཀོད་སྒྲིག་གཞིར་བཟུང་། ན་ནིང་སྤྱི་ཟླ་བཅུ་གཉིས་པ་ནས་བཟུང་། ཀྲུང་དབྱང་དམག་ཨུད་གི་སྐོར་ཞིབ་ཚོགས་ཆུང་གིས་ལོ་གཅིག་ཙམ་གྱི་དུས་ཚོད་ནང་ཁག་གསུམ་ལ་བགོས་ཏེ། དམག་ཁུལ་ཁང་གི་ཏང་ཨུད་ཚན་པ་བདུན་དང་དེའི་ཁོངས་མིར་སྐོར་ཞིབ་བྱས་ཡོད། ཉེ་དུས། ཀྲུང་དབྱང་དམག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག སྐོར་ཞིབ་གནས་ཚུལ་གྱི་སྙན་སེང་ལ་ཉན་ཏེ། སྐོར་ཞིབ་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ནས། སྐོར་ཞིབ་ལས་དོན་གྱིས་དམག་དཔུང་ནང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ཟམ་མི་ཆད་པ་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་། དུས་བབ་གསར་པའི་འོག་གི་སྐོར་ཞིབ་ལས་དོན་ཐད་ཤུགས་སྣོན་རྒྱག་པ་ལས་ཉམས་ཞན་དུ་མི་གཏོང་བར། སྐོར་ཞིབ་ལས་དོན་དེ་བས་ཡག་པ་དང་སྔར་བས་གྲུབ་འབྲས་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།
            ཀྲུང་དབྱང་དམག་ཨུད་ཀྱི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་སྐོར་ཞིབ་ཁྲོད། གཙོ་གནད་ཐོག་ཏང་གི་ཆབ་སྲིད་སྒྲིག་སྲོལ་ལས་རྒྱབ་འགལ་བྱས་པའི་གནད་དོན་ལྷག་ཡོད་མེད་ཤེས་རྟོགས་དང་། གཙོ་གནད་ཐོག་འགོ་ཁྲིད་ལས་བྱེད་པས་དབང་ཆ་དང་དངུལ་བརྗེ་རེས་དང་དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ། ལྐོག་ཟ་ལྐོག་རྔན་ལེན་པ། ངན་རུལ་དུ་གྱུར་པ་སོགས་སྒྲིག་འགལ་དང་ཁྲིམས་སྲོལ་ལས་འགལ་བའི་གནད་དོན་ཤེས་རྟོགས་ཐུབ་པ། སྔ་རྗེས་སུ་གནད་དོན་དང་ཁུངས་སྣེ་གལ་ཆེན་ཁག་ཅིག་ཤེས་རྟོགས་ཐུབ་ཏེ། དུས་ཐོག་ཏུ་འབྲེལ་ཡོད་ལས་ཁུངས་ལ་བཅོས་སྒྲིག་དང་ཞིབ་བཤེར་ཐག་གཅོད་བྱེད་རྒྱུར་སྐྱལ་བ་མ་ཟད་། རྗེས་འདེད་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་གནད་དོན་བཅོས་སྒྲིག་དང་ཁུངས་སྣེ་ཞིབ་བཤེར་ཐག་གཅོད་མཐར་ཕྱིན་པ་བྱེད་རྒྱུར་སྐུལ་འདེད་ནུས་ཡོད་ཐེབས་ནས། སྐོར་ཞིབ་ཀྱི་ཟིལ་ཤུགས་དང་བཀག་འགོག རྩ་བ་བཅོས་སྐྱོང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཡོད་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། དམག་ཁུལ་ཁང་ཁག་གི་ཏང་ཨུད་ཀྱིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། སྐོར་ཞིབ་ལ་གཞོགས་འདེགས་བྱ་རྒྱུ་དེ་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི་ཆབ་སྲིད་ལས་འགན་ལ་རྩིས་ནས། རང་འགུལ་སྒོ་ནས་ལྟ་སྐུལ་དང་ལེན་དང་སྐོར་ཞིབ་ལས་དོན་ལ་རྒྱབ་སྐྱོར་ དང་མཐུན་སྦྱོར། འགན་སྲུང་ཧུར་ཐག་བཅས་བྱས་པ་དང་རང་འགུལ་སྒོ་ནས་གནད་དོན་ལེགས་བཅོས་དང་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ་དམ་འཛིན་བྱས་ནས། སྐོར་ཞིབ་ལས་དོན་བདེ་བླག་ངང་སྤེལ་ཆེད་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་བསྐྲུན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།