འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རབ་རྒྱལ་ཁབ་རྡོ་སྣུམ་ཕྱིར་གཏོང་སྒྲིག་འཛུགས་ཀྱི་ཁོང་གཏོགས་རྒྱལ་ཁབ་ཀྱིས་རྡོ་སྣུམ་
    རིན་གོང་བརྟན་པོ་ཡོང་རེ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་23ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། སྐབས་བཅུ་པའི་ཨ་རབ་རྒྱལ་ཁབ་ནུས་པའི་འབྱུང་ཁུངས་ཀྱི་གྲོས་ཚོགས་དེ་སྤྱི་ཚེས་༢༡ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་པ་བུ་ཀྲ་པིར་འགོ་ཚུགས་པ་དང་། ཚོགས་ཞུགས་ཨ་རབ་རྒྱལ་ཁབ་རྡོ་སྣུམ་ཕྱིར་གཏོང་སྒྲིག་འཛུགས་ཀྱི་ཁོང་གཏོགས་རྒྱལ་ཁབ་ཀྱི་སྐུ་ཚབ་ཀྱིས་རྡོ་སྣུམ་རིན་གོང་ཆག་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་པ་དང་། གང་མགྱོགས་ཁྲོམ་ར་བརྟན་ལྷིང་ཡོང་བ་བྱེད་རྒྱུའི་རེ་འབོད་བྱས་ཡོད་པ་རེད།
          གྲོས་ཚོགས་གཙོ་གཉེར་བྱེད་མཁན་རྒྱལ་ཁབ་ཡིན་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཀྱི་ཁབ་ནུས་པའི་འབྱུང་ཁུངས་པུའི་པུའུ་ཀྲང་མ་ཚེ་ལུ་དབྱིས་སྣུམ་རིན་ཆག་པའི་རྒྱུ་རྐྱེན་གལ་ཆེ་ཤོས་ཤིག་ནི་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་སྒྲིག་འཛུགས་ཕུད་པའི་རྡོ་སྣུམ་ཐོན་ཁུལ་རྒྱལ་ཁབ་ཁག་ཅིག་གིས་འགན་མི་ཁུར་བའི་བྱེད་སྟངས་ཀྱི་ཐོག་ནས་རྡོ་སྣུམ་ཐོན་ནུས་དང་འབོར་ཚད་མང་དུ་བཏང་བ་ལས་བཟོས་པ་ཞིག་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་སྒྲིག་འཛུགས་ཀྱིས་མི་རིང་བའི་གོང་གཏན་འབེབས་བྱས་པའི་ཐོན་ནུས་ཉུང་དུ་མི་གཏོང་རྒྱུའི་གྲོས་ཆོད་ལ་སེམས་ཤུགས་ཆེན་པོ་ཡོད་པ་དང་། དེ་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པ་ཞིག་དང་འཛམ་གླིང་དཔལ་འབྱོར་གོང་འཕེལ་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
          ཁོང་གིས། ཨ་རབ་རྒྱལ་ཁབ་ཀྱིས་ནུས་ཁུངས་ཁྲོམ་རར་མཉམ་འབྲེལ་མ་འཇོག་བྱས་ནས་ཨ་རབ་རྒྱལ་ཁབ་ཀྱིས་འཛམ་གླིང་རྡོ་སྣུམ་ཁྲོམ་རར་འདོན་སྤེལ་བྱེད་པའི་ནུས་པ་མཐོ་རུ་གཏོང་རྒྱུར་སྐུལ་ལྕག་བྱེད་པའི་དགོས་པ་ཆེན་པོ་ཡོད་ཅེས་གྲོས་འགོ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།