འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ལིང་ཞ་གྲོང་ཁྱེར་ནས་གཙོས་གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་ལས་
    མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་གྱི་དུས་མཚམས་སུ་སླེབས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་10ཉིན། 07:59】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཀན་སུའུ་ལིང་ཞ་གྲོང་ཁྱེར་ནས་གཙོས་གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་ལས་
མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་གྱི་དུས་མཚམས་སུ་སླེབས་ཡོད་པ།
        མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ལིང་ཞ་ཧུའེ་རིགས་རང་སྐྱོང་ཀྲོའུ་ལིང་ཞ་གྲོང་ཁྱེར་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་མིག་སྔར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་གྱི་དུས་མཚམས་སུ་སླེབས་ཡོད་པ་རེད།
         ལིང་ཞ་གྲོང་ཁྱེར་ནས་གཙོས་གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་2011ལོའི་ཟླ་བཅུ་གཉིས་པར་ལས་འགོ་བཙུགས་པ་དང་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་98.65ཡོད། ཀན་སུའུ་ཡི་མྱུར་བགྲོད་གཞུང་ལམ་དྲ་བ་ཡིན་པའི་ལན་ཀྲོའུ་ནས་ལྷ་མོ་དགོན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་དུམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལིང་ཞ་གྲོང་ཁྱེར་ནས་གཙོས་གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་རྗེས་ཀན་སུའུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ལན་ཀྲོའུ་ནས་ལིང་ཞ་དང་ཀན་ལྷོ་གྲངས་ཉུང་མི་རིགས་ས་ཁུལ་གཉིས་དབར་འགྲོ་འོང་བྱེད་པའི་ལམ་ཐིག་ཆ་ཚང་མྱུར་བགྲོད་གཞུང་ལམ་དུ་གྱུར་ཡོད།
    ༄༅།།ཀན་སུའུ་ལིང་ཞ་གྲོང་ཁྱེར་ནས་གཙོས་གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་ལས་
མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་གྱི་དུས་མཚམས་སུ་སླེབས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།