འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།>>རྒྱལ་ནང་གསར་འགྱུར།

    ༄༅།།ཨའོ་མོན་ལས་རིགས་ཁག་གིས་ཞིས་ཅིན་ཕིང་ནས་ཨའོ་མོན་ལ་བཏོན་གནང་བའི་རེ་འདུན་
    དོན་ཚན་བཞིས་མཛེས་སྡུག་ལྡན་པའི་མ་འོངས་པར་ཁ་ཕྱོགས་གསལ་འདོན་
    བྱས་ཡོད་པའི་ངོས་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་23ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མན་དུ་ཨའོ་མན་མེས་རྒྱལ་གྱི་བང་དུ་ལོག་ནས་ལོ་བཅུ་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་སྐབས་གསར་པའི་ཨའོ་མན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད་གལ་ཆེན་སྤེལ་ནས། རེ་འདུན་དོན་ཚན་བཞི་བཏོན་གནང་ཡོད། ཨའོ་མན་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་ནས་གནང་བའི་གསུང་བཤད་ཀྱིས་མི་རྣམས་ལ་སྐུལ་ལྕགས་ཐེབས་པ་དང་། རེ་འདུན་དོན་ཚན་བཞིས་ཕྱོགས་གཅིག་ནས་ཨའོ་མན་གྱི་གནས་ཚུལ་དངོས་ཚད་མཐོའི་སྒོ་ནས་ཕྱོགས་བསྡུས་བྱས་པ་དང་ཕྱོགས་གཞན་ཞིག་ནས་མཛེས་སྡུག་ལྡན་པའི་མ་འོངས་པར་ཁ་ཕྱོགས་གསལ་བཏོན་བྱས་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།
          ཀྲུང་ཧྭ་སྤྱི་ཁྱབ་བཟོ་ཚོང་ལས་རིགས་ཀྱི་ཚོགས་གཙོ་མ་ཡོའུ་ལིས། བཟོ་ཚོང་ལས་རིགས་ཀྱིས་ས་ཁོངས་བར་བཟང་ཆ་གསབ་རེས་དང་ཐུན་མོང་གོང་འཕེལ་གྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་དང་ཐེ་ཞུགས་བྱས་ཏེ། ཨའོ་མན་གྱི་ལྟེ་བ་གཅིག་དང་སྟེགས་བུ་གཅིག་གི་ནུས་པ་སྔར་བས་འདོན་སྤེལ་བྱས་ནས། དཔལ་འབྱོར་འོས་འཚམ་སྣེ་མང་དང་ནང་སའི་དཔལ་འབྱོར་གསོན་ཤུགས་ཆེ་རུ་འགྲོ་ཆེད་ཐུན་མོང་འབད་བརྩོན་བྱས་ཡོད་ཅེས་བསྟན་ཡོད། ཨའོ་མན་གོང་འཕེལ་དང་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་དཔོན་ཏའེ་ཧྭ་ཧའོ་ཡིས་སྲིད་གཞུང་དང་ལས་རིགས་ཁག་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལ་གོ་བ་ཡང་དག་དང་ལག་བསྟར་བྱེད་རྒྱུ་དང་། ཨའོ་མན་དང་རྒྱལ་ཁབ་ཀྱི་ལས་དབང་མདུན་ལམ་འབྲེལ་བ་དམ་ཟབ་བྱས་ཏེ། རྒྱལ་ཁབ་ལ་དགའ་ཞེན་དང་ཨའོ་མན་ལ་དགའ་ཞེན་བྱེད་པའི་རིན་ཐང་གཙོ་བོ་ཁྱོན་ཡོངས་ནས་དར་སྤེལ་གཏོང་དགོས་པའི་ངོས་འཛིན་གནང་ཡོད། ཨའོ་མན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་ལེའང་ཙི་ཧའོ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ར་མང་པོར་རང་རེའི་ཨའོ་མན་གཞོན་ནུའི་ལས་དོན་དང་གཞོན་ནུ་ལོ་ཆུང་གི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བཏོན་གནང་ཡོད། དེར་བརྟེན། རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས། མུ་མཐུད་སློབ་གསོའི་ལས་རིགས་ཁག་དང་མཐུན་སྒྲིལ་བྱས་ནས། དམིགས་བསལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།