འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ད་ལོའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་
    ལེགས་འགྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་23ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་རྒྱལ་ཡོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོས་གསེབ་འཛུགས་སྐྲུན་གྲོས་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ་༢༠༡༤ལོའི་གྲོང་གསེབ་ཀྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ལས་འགན་དམིགས་འབེན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། སང་ལོར་རང་རྒྱལ་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལས་གྲྭའི་ཁང་པ་ཆ་ཚང་ས་ཡ་བདུན་ལྷག་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞིང་། གཞི་རྩའི་ཆ་ནས་ཁང་པ་ས་ཡ་བཞི་དང་བརྒྱད་འབུམ་ལྷག་འགྲུབ་ཚར་བ་བྱ་རྒྱུ་མ་ཟད། རང་ཚུགས་ཀྱི་བཟོ་ལས་གཏེར་ཁུལ་དང་གཞུང་ཁོངས་ནགས་ཁུལ། ཞིང་སྦོལ་ས་ཁུལ་གྱི་ཁང་བ་རྙིང་པ་བསྒྱུར་བཅོས་བཅས་ཀྱི་བཟོ་སྐྲུན་སྤེལ་འགོ་ཚུགས་རྒྱུ་རེད། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཁྲེན་ཀྲེང་ཀའོ་ཡིས་སྤྱི་ལོ་༢༠༠༨ལོའི་ཚུན་རང་རྒྱལ་གྱིས་རིམ་རྩིས་བྱས་ན་སྦོགས་མར་གཏོང་བའི་གཞུང་ཁང་ཆ་ཚང་ས་ཡ་དགུ་དང་ཆིག་འབུམ་འཛུགས་བསྐྲུན་བྱས་ཡོད། སང་ལོར་ཆ་སྒྲིག་སྒྲིག་ཆས་འཛུགས་སྐྲུན་དང་བགོ་བཤའ་བརྒྱབ་ཏེ་ནང་དུ་སྡོད་པའི་ལས་དོན་སྤེལ་ནས། སྡོད་ཁང་ལ་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་གང་སྔ་སྡོད་ཁང་གསར་པའི་ནང་གནས་སྤོར་བྱས་ཏེ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པར་བྱ་རྒྱུ་རེད། དེར་བརྟེན་ས་གནས་ཁག་གིས་དགོས་མཁོ་ལྟར་གཅིག་བསྡུས་སུ་སྦོགས་མར་གཏོང་བའི་གཞུང་ཁང་འཛུགས་སྐྲུན་བྱེད་པ་དང་དུས་མཚུངས་སུ། ཁྲོམ་རའི་དགེ་མཚན་ལྡན་པའི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ་སྟེ། ཁྲོམ་རར་བརྒྱུད་དེ་ཁང་བ་འདོན་སྤྲོད་དང་སྲིད་གཞུང་གིས་ཁང་གླ་ཁ་གསབ་བྱས་ཏེ་སྡོད་ཁང་གི་འགན་སྲུང་ཕན་ནུས་མཐོ་རུ་འགྲོ་བ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།