འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་
    བཅུ་གཉིས་པ་གྲོལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་29ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་ཞིང་། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
         གྲོས་ཚོགས་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུ་ལམ་སྐོར་གྱི་བཅའ་ཁྲིམས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཨང་17པར་མཚན་རྟགས་བཀོད་དེ་ཁྱབ་བསྒྲགས་བྱས།
         གྲོས་ཚོགས་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་བཙུགས་རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་གསུམ་དང་དེ་བཞིན་ཧྲང་ཧའེ་རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་གྱི་རྒྱ་སྐྱེད་ས་ཁོངས་སུ་འབྲེལ་ཡོད་བཅའ་ཁྲིམས་ནང་གསལ་གཏན་འབེབས་ཀྱི་སྲིད་འཛིན་ཞིབ་བཤེར་ཆོག་མཆན་འགོད་ལུགས་གནས་སྐབས་ལེགས་སྒྲིག་བྱ་རྒྱུའི་དབང་བསྐུར་བའི་གཏན་འབེབས་སོགས་ལ་གྲོས་འཆམ་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།