མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

༄༅།།བལ་ཡུལ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་སྟོབས་ཤུགས་གང་ཞིག་གིས་ཀྱང་བལ་ཡུལ་གྱི་རྒྱལ་ཁོངས་
སུ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྒོ་སྤེལ་དུ་མི་འཇུག་ཅེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་29ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

ཉེ་ཆར་བལ་ཡུལ་དུ་འཚམས་འདྲི་གནང་བཞིན་པའི་ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཀ་ཏི་མན་ཏི་རུ་བལ་ཡུལ་གྱི་ཕྱི་འབྲེལ་པུའི་པུའུ་ཀྲང་ཕན་ཏེ་ལ་གྲོས་མོལ་གནང་ཞིང་། ཝང་དབྱི་ཡིས་ཀྲུང་གོ་དང་བལ་ཡུལ་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60སོང་རིང་རྒྱལ་ཁབ་གཉིས་ཀྱིས་དུས་རྟག་ཏུ་ཕན་ཚུན་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་ལ་བརྩི་བཀུར་དང་རྒྱབ་སྐྱོར་བཅས་བྱེད་བཞིན་ཡོད་པས་ང་ཚོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཆུང་བར་གྱི་དཔེ་མཚོན་རང་བཞིན་གྱི་མཛའ་མཐུན་རྒྱལ་ཁབ་ཏུ་གྱུར་ཡོད། མིག་སྔར་ཀྲུང་གོ་དང་བལ་ཡུལ་བར་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་བལ་ཡུལ་གྱིས་བོད་དོན་སོགས་ཀྲུང་གོའི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།
        ཕན་ཏེ་ཡིས་ཀྲུང་གོ་དང་བལ་ཡུལ་གྱི་མི་དམངས་བར་མཛའ་བརྩེ་ཧ་ཅང་ཟབ་མོ་ལྡན། བལ་ཡུལ་ཕྱོགས་ཀྱིས་ཀྲུང་གོས་ལོ་དུ་མའི་རིང་བལ་ཡུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་རོགས་རམ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བལ་ཡུལ་གཞུང་ཕྱོགས་ཀྱིས་སྟོབས་ཤུགས་གང་ཞིག་གིས་ཀྱང་བལ་ཡུལ་གྱི་རྒྱལ་ཁོངས་སུ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྒོ་སྤེལ་དུ་མི་འཇུག་ཅེས་བསྟན་པ་རེད།