འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་
    ཚུའེ་ཧྲི་ཨན་དང་མཇལ་འཛོམས་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་28ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་
ཚུའེ་ཧྲི་ཨན་དང་མཇལ་འཛོམས་གནང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡི་དབྱིང་ཐའེ་ཧན་ཡོན་ཚོམས་ཆེན་དུ་པེ་ཅིང་ལ་འགན་འཁྲི་སྒྲུབ་ཚུལ་ཞུ་བར་ཕེབས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་དང་མཇལ་འཛོམས་གནང་ནས་ཁོང་གི་ཨའོ་མོན་གྱི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀའི་གནས་ཚུལ་གྱི་སྙན་ཞུར་གསན་པ་རེད།
           ཞིས་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་ནང་ཨའོ་མོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་རྒྱུན་འཁྱོངས་བྱས་པ་དང་དུས་མཚུངས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྐབས་བརྗེ་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་15འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་ཡོད། ཉིན་ཤས་གོང་རང་ཉིད་ཨའོ་མོན་དུ་སྐྱོད་སྐབས་ཨའོ་མོན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་མྱོང་ཚོར་ངོ་མ་བྱུང་ལ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པའི་དཔང་པོ་བྱས་པ་ཡིན། ཀྲུང་དབྱང་གིས་ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས།
          ཞིས་ཅིན་ཕིང་གིས་ཀྲུང་དབྱང་གིས་ཁྱེད་དང་སྐབས་བཞི་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་ལ་རེ་བ་ཟབ་མོ་བཅོལ་ཡོད་ལ་ཨའོ་མོན་སྤྱི་ཚོགས་ཀྱིས་ཁྱེད་ཚོར་རེ་སྒུག་ཆེན་པོའང་བྱེད་ཀྱི་ཡོད། རེ་བར་ཁྱེད་ཚོས་འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་མཁས་པོ་བྱེད་པ་དང་། བདག་པོའི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། ཁྲིམས་ལྟར་སྲིད་སྐྱོང་དང་ཁྲིམས་ལྟར་ཨའོ་མོན་སྐྱོང་བའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་གསར་འབྱེད་ཡར་བརྩོན་གྱི་སྐབས་གསར་པའི་སྲིད་གཞུང་གི་རྣམ་པ་གསར་པ་མངོན་པ་བྱེད་པ་དང་ཨའོ་མོན་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་སྔར་ལས་ལེགས་པ་བསྟར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
           ཀྲང་ཏེ་ཅང་དང་། ལི་ཡོན་ཁྲའོ། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་མཇལ་འཛོམས་ནང་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།