འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཚོགས་ཆུང་ཁག་བགོས་ཀྱིས་གྲོང་གསེབ་གསར་པ་
    འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བའི་ལས་དོན་སྒྲུབ་ཚུལ་ལ་གྲོས་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་29ཉིན། 07:50】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཚེས་27ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་ཁག་བགོས་ཚོགས་ཆུང་གིས་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུར་གྲོས་ཞིབ་བྱས་པ་མ་ཟད་སྙན་ཞུའི་ཐད་ཆེད་དོན་འདྲི་རྩད་ཀྱང་བྱས་པ་རེད།
            ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གྲོས་ཞིབ་དང་འདྲི་རྩད་ནང་ཞུགས་པ་རེད།
            ཟླ་12ཚེས་23ཉིན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་ཉན་པ་རེད། ཚེས་27ཉིན་གྱི་ཁག་བགོས་ཚོགས་ཆུང་གི་གྲོས་ཞིབ་ཁྲོད་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་བསམ་འཆར་ཁྱོན་ཡོངས་ནས་བཏོན་པ་མ་ཟད་འདྲི་རྩད་ཀྱང་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཞིང་ལས་པུའུ་དང་། འཕེལ་སྒྱུར་ཨུ་ལྷན། དམངས་སྲིད་པུའུ། ནོར་སྲིད་པུའུ། ཁོར་ཡུག་སྲུང་སྐྱོང་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཞུགས་ནས་བསམ་འཆར་ཉན་པ་དང་འདྲི་རྩད་ལ་ནན་ཏན་ངང་ལན་བརྒྱབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།