འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་
    ལེའང་ཀྲེན་དབྱིང་དང་མཇལ་འཛོམས་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་28ཉིན། 15:46】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་གིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་
ལེའང་ཀྲེན་དབྱིང་དང་མཇལ་འཛོམས་གནང་བ།
             མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡི་དབྱིང་ཐའེ་ཧན་ཡོན་ཚོམས་ཆེན་དུ་པེ་ཅིང་ལ་འགན་འཁྲི་སྒྲུབ་ཚུལ་ཞུ་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལེའང་ཀྲེན་དབྱིང་དང་མཇལ་འཛོམས་གནང་ནས་ཁོང་གི་ཤང་ཀང་གི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀའི་གནས་ཚུལ་གྱི་སྙན་ཞུར་གསན་པ་རེད།
          ཞིས་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་ནང་སྲིད་འཛིན་དཔོན་ལེའང་ཀྲེན་དབྱིང་གིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་འཁྲིད་དེ་ལས་དོན་ཧུར་ཐག་བསྒྲུབས་པ་དང་ཁྲིམས་ལྟར་ཆབ་སྲིད་ལམ་ལུགས་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། ཁྲིམས་སྐྱོང་ལ་སྲུང་སྐྱོང་བཅས་ཧུར་ཐག་བྱས་པས་ཤང་ཀང་གི་སྤྱི་ཡོངས་བརྟན་ལྷིང་ཡོང་རྒྱུའི་རྒྱུན་འཁྱོངས་བྱས་ཡོད། ཀྲུང་དབྱང་གིས་ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
           ཞིས་ཅིན་ཕིང་གིས་མིག་སྔར་ཤང་ཀང་གིས་2017ལོའི་སྲིད་འཛིན་དཔོན་ཡོངས་ཁྱབ་འདེམས་བསྐོའི་ལས་དོན་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་དབྱང་སྲིད་གཞུང་གིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་གཞི་རྩའི་བཅའ་ཁྲིམས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་ཆོད་དོན་གྱི་གཏན་འབེབས་གཞིར་བཟུང་ཆབ་སྲིད་ལམ་ལུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
           ཞིས་ཅིན་ཕིང་གིས་ཤང་ཀང་གི་ཆབ་སྲིད་ལམ་ལུགས་འཕེལ་རྒྱས་གཏོང་བར་ས་གནས་དེ་གའི་དོན་དངོས་དང་བསྟུན་ནས་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་བྱེད་དགོས།
           གྲོང་མིའི་བདེ་སྡོད་ལས་བརྩོན་ལ་ཕན་ཐོགས་པ་དང་། སྤྱི་ཚོགས་དར་རྒྱས་བརྟན་ལྷིང་ལ་ཕན་ཐོགས་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཕན་ཐོགས་པ་བྱེད་དགོས། རེ་བར་ཤང་ཀང་གི་ལས་རིགས་ཁག་གིས་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་དང་ཤང་ཀང་གི་སྤྱིའི་ཁེ་ཕན་དང་བསྟུན་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་ཁོར་ཡུག་ལ་གཅེས་སྤྲས་བཅས་བྱས་ནས་ཤང་ཀང་དེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ལམ་བུ་བརྒྱུད་བརྟན་པོའི་ངང་མདུན་སྐྱོད་བྱ་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           ཀྲང་ཏེ་ཅང་དང་། ལི་ཡོན་ཁྲའོ། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་མཇལ་འཛོམས་ནང་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།