འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མྱུར་སྐྱེལ་རྒྱལ་སྤྱིའི་ཕྱོགས་སུ་སྐྱོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་5ཉིན་གྱི་ཐོ་རེངས་ཆུ་ཚོད་2དང་སྐར་མ་35ལ། ཞའོ་སྨི་རྟགས་ཅན་ལག་ཐོགས་ཁ་པར་གྱི་མ་བཅོས་རྒྱུ་ཆ་བྱུར་བུར་བླུགས་པའི་ཧྲུན་ཕུང་མཁའ་འགྲུལ་ཟོག་འདྲེན་གནམ་གྲུ་ཞིག་ཧྲེན་ཀྲེན་པའོ་ཨན་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་བ་དང་། ཆུ་ཚོད་5ཡི་རྗེས་ལ་བར་ཐག་སྤྱི་ལེ་4300ཆོད་པའི་རྒྱ་གར་གྱི་གྲོང་ཁྱེར་ཆེ་གྲས་བཞི་པ་སྟེ་ཅིན་ནའེ་རུ་འབྱོར་ནས་ས་གནས་དེ་གའི་ལག་ཐོགས་ཁ་པར་བཟོ་གྲྭར་རྒྱུ་ཆ་མཁོ་འདོན་བྱས་པ་རེད།
         ཧྲུན་ཕུང་མཁའ་འགྲུལ་གྱི་ཏུང་ཧྲེ་ཀྲང་ལིའུ་ལེང་ཧའོ་ཡིས་ཟུར་སྣོན་རིན་ཐང་མཐོ་བའི་C3ཐོན་རྫས་འགའ་ཞིག་གིས་སྐྱེལ་འདྲེན་གྱི་བདེ་འཇགས་དང་གོ་ཆོད་དུས་ཚོད་ཐད་ལ་རེ་བ་མཐོ་པོ་འདོན་གྱི་ཡོད། ད་རེས་ཧྲུན་ཕུང་གིས་ཧྲེན་ཀྲེན་ནས་རྒྱ་གར་གྱི་ཅིན་ནའེ་བར་གྱི་ཟོག་འདྲེན་གནམ་གྲུའི་ཐད་འཕུར་ལམ་ཐིག་ཐོག་མར་བཏོད་པ་དེ་ལས་དངོས་ཟོག་སྐྱེལ་འདྲེན་གྱི་དུས་ཚོད་མྱུར་དུ་སོང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཧྲུན་ཕུང་མཁའ་འགྲུལ་རང་ཉིད་ལ་དབང་བའི་ལམ་ཐིག་ཏཱ་པན་དང་། ཧོ་ནེ། ཅིན་པན། ཏཱ་ཁ་སོགས་ཕྱི་རྒྱལ་གྱི་གྲོང་ཁྱེར་ལ་ཤར་གཏོང་ཐུབ་ཡོད། ཧྲུན་ཕུང་མྱུར་སྐྱེལ་གྱི་རྒྱལ་སྤྱིའི་མྱུར་སྐྱེལ་ཞབས་ཞུ་ཨ་རི་དང་། ཡོ་རོབ་མནའ་འབྲེལ། ཨུ་རུ་སུ། རི་པིན། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་53དུ་ཁྱབ་ཡོད་པ་རེད།
         རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་རྒྱལ་མཚམས་ལས་སྒྲོལ་བའི་སྦྲག་སྐུར་ལས་སྒོ་གཉེར་ཚད་མགྱོགས་མྱུར་མཐོ་རུ་འགྲོ་བ་དང་རྒྱལ་མཚམས་ལས་སྒྲོལ་བའི་སྦྲག་སྐུར་ཞབས་ཞུའི་ནུས་པ་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད། འདི་ལོའི་ལོ་སྟོད་དུ་རྒྱལ་སྤྱི་དང་དེ་བཞིན་ཐའེ་དབན་དང་ཨའོ་མོན་གྱི་མྱུར་སྐྱེལ་ལས་སྒོ་གཉེར་ཚད(སྦྲག་ཐོག་བསྐུར་བྱ)དུང་ཕྱུར་5.2ཟིན་པ་དེ་དུས་མཚུངས་ལས་43.1%འཕར་ཡོད་པ་རེད།
         ཀྲུང་གོའི་མྱུར་སྐྱེལ་རྒྱལ་སྤྱིའི་ཕྱོགས་སུ་སྐྱོད་བཞིན་ཡོད། ཀྲུང་གོའི་ཟོག་འགྲེམས་ལག་རྩལ་དང་མཁོ་སྤྲོད་སྦྲེལ་ཐག་གི་དོ་དམ་ནུས་པར་བརྟེན་ནས་འཛམ་གླིང་ཡོངས་ལ“ཀྲུང་གོའི་མྱུར་ཚད”ལོངས་སུ་སྤྱོད་ཐུབ་པ་བྱེད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།