འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།>>རྒྱལ་སྤྱིའི་གསར་འགྱུར།

    ༄༅།།ཀྲུང་གོས་ཙན་པི་ཡར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་བཏང་ནས་ལོ་40འཁོར་
    བའི་དྲན་གསོའི་བྱེད་སྒོ་ལུ་ས་ཁར་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་6ཉིན་གྱི་དགོང་མོ། ཀྲུང་གོས་ཙན་པི་ཡ་ཕྱོགས་ལ་སྨན་བཅོས་རུ་ཁག་མངགས་ནས་ལོ་40འཁོར་བའི་དྲན་གསོའི་བྱེད་སྒོ་དེ་ཙན་པི་ཡའི་རྒྱལ་ས་ལུ་ས་ཁར་གཟབ་རྒྱས་ངང་སྤེལ་བ་རེད།
          ཙན་པི་ཡ་འཕྲོད་བསྟེན་པུའི་པུའུ་ཀྲང་ཆི་ལུའུ་ཧྥེ་ཡ་དང་། དེ་བཞིན་ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅེ་དང་། ཧོ་ནན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཏའེ་པོ་ཧྭ། ཙན་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་དང་དམག་ཁོངས་སྨན་པའི་ཚོགས་ཆུང་གི་འཐུས་མི། ཙན་པི་ཡར་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།
         ལོ་40ཡི་རིང་། ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་20ཡི་ཁྱོན་རུ་མི་546གིས་ཙན་པི་ཡར་ནད་པ་མི་ཐེངས་ཁྲི་300ལྷག་ཙམ་ལ་ནད་བརྟག་སྨན་བཅོས་བྱས་པ་དང་། གཤགས་བཅོས་སྣ་ཚོགས་ཁྲི་2ལྷག་ཙམ་བྱས་པ། ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་700ལྷག་ཙམ་ནང་འདྲེན་དང་ལག་བསྟར་བྱས་ཏེ་ཙན་པི་ཡའི་སྨན་བཅོས་འཕྲོད་བསྟེན་གྱི་གནས་སྟངས་ལེགས་སུ་གཏོང་བ་དང་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།