འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་མིའི་འགྲུལ་ཁང་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་སྤྱོད་དཔལ་འབྱོར་གྱི་བཀྲག་
    མདངས་འཚེར་ས་གསར་པར་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། གྲོང་མིའི་འགྲུལ་ཁང་དུ་ཟས་གོས་འགྲོ་སྡོད་ཚང་མ་ལོངས་སྤྱོད་ཐུབ་ཅིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བེད་མེད་ཁང་པ་ལས་བྱུང་བའི་གྲོང་མིའི་འགྲུལ་ཁང་ལས་རིགས་འདི་ཉིད་མཉམ་སྤྱོད་དཔལ་འབྱོར་གྱི་རྣམ་པ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་སྤྱི་པའི་ཞབས་ཞུ་དང་ཁྲོམ་རའི་དོ་དམ་ཐད་རེ་བ་ནན་པོ་བཏོན་པ་རེད།
         ཐུའུ་ཅ་དྲ་བས་ཚེས་8ཉིན་གྲངས་གཞི་གསར་ཤོས་ཡོངས་བསྒྲགས་བྱས་པ་ལས་མངོན་པར། འདི་ལོའི་ལོ་སྟོད་དུ་གོ་ལ་ཧྲིལ་པོའི་གྲོང་མིའི་འགྲུལ་ཁང་ཁྲི་120ལྷག་ཙམ་ཟིན་པའི་ཁྲོད་རྒྱལ་ནང་གི་གྲོང་མིའི་འགྲུལ་ཁང་ཁྲི་80ལྷག་ཙམ་ཟིན་པ་དང་། ས་ཁོངས་ནང་སྔོན་མངག་བྱེད་ཚད་དུས་མཚུངས་ལས་ལྡབ་5.98འཕར་བ་དང་ས་ཁོངས་ཕྱིར་སྔོན་མངག་བྱེད་ཚད་ལྡབ་10འཕར་བ། ལོ་སྟོད་དུ་གྲོང་མིའི་འགྲུལ་ཁང་སྔོན་མངག་བྱེད་ཚད་འཕར་མགྱོགས་ཤོས་ནི་ཅི་ལིན་ཐུང་ཧྭ་དང་། ཧུའུ་པེ་ཤང་དབྱང་། ཀོང་ཏུང་ཧྲན་ཝེ། སི་ཁྲོན་ཏེ་དབྱང་། མཚོ་སྔོན་ཡུལ་ཤུལ་དང་མཚོ་ནུབ་སོགས་རིམ་པ་གསུམ་པ་དང་བཞི་པའི་གྲོང་ཁྱེར་ཡིན་པ་དང་འཕར་ཚད་ཆ་སྙོམས་ལྡབ་40ལྷག་ཙམ་ཟིན་ཡོད་པ་རེད།
         ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ཐད་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱི་སྙན་ཞུ་གཞིར་བཟུང་། 2017ལོར་མཉམ་སྤྱོད་ཞག་སྡོད་ལས་སྟེགས་གཙོ་བོའི་ཐད་ཁང་བདག་དང་། ཁང་པ་དོ་དམ་པ། པར་ལེན་པ་སོགས་མི་ཁྲི་200ཙམ་ཟིན་པ་དང་ཆ་སྙོམས་ཁང་བདག་1མང་དུ་འགྲོ་སྐབས་ཞོར་གཉེར་ལས་ཞུགས་ལས་གནས་2སྐུལ་ཁྲིད་ཐུབ་ཀྱི་ཡོད། ལས་གཏོད་གསར་གཏོད་ཐད་དྲ་ཐོག་ཏུ་དུས་ཐུང་བོགས་མར་གཏོང་བའི་ལས་སྟེགས་ཁག་གཅིག་ཐོན་པ་དང་ཆབས་ཅིག་གྲོང་མིའི་འགྲུལ་ཁང་གི་ཆ་རྐྱེན་ལེགས་ཉེས་ཤོར་བར་དམིགས་ཏེ་ཡོའུ་ཅ་གྲོང་མིའི་འགྲུལ་ཁང་དང་གྲོང་ཁྱེར་འགྲུལ་ཁང་སོགས་སྡོད་ཁང་མཁོ་འདོན་སྦྲེལ་ཐག་གི་ཁེ་ལས་མང་པོ་ཐོན་ཡོད་པ་རེད།
         2017ལོར་རང་རྒྱལ་གྱིས་གྲོང་མིའི་འགྲུལ་ཁང་གི་ཚད་གཞི་དངོས་སུ་བཏོན་པ་དང་། 2018ལོར་ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་ཁང་ས“དབང་གསུམ་ལོགས་དབྱེ”འཚོལ་ཞིབ་བྱེད་དགོས་པ་བཏོན་པར་ཀྲེ་ཅང་སོགས་ས་གནས་ཀྱིས་ས་ཁང་གི་གཏན་འཇགས་བདག་དབང་ལག་ཁྱེར་སྤྲོད་འགོ་ཚུགས་པ་དང་། གྲོང་གསེབ་ཀྱི་གྲོང་མིའི་འགྲུལ་ཁང་འཕེལ་རྒྱས་ལམ་ལུགས་ཀྱི་ཁེ་འབབ་རག་འགོ་ཚུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།