འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ཅིའི་ཙུང་ལིས་ཞི་བདེའི་སྨན་ཁང་གྲུ་གཟིངས་སླར་ཡང་འཚམས་འདྲིར་ཡོང་བར་བསྔགས་
    བརྗོད་ཆེན་པོ་གནང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཧྥི་ཅིའི་ཙུང་ལི་མུའུ་པའེ་ཉི་མཱ་ལཱ་མཱ་ཡིས་ཚེས་6ཉིན་ཀྲུང་གོའི་མཚོ་དམག་གི་ཞི་བདེའི་སྨན་ཁང་གྲུ་གཟིངས་སུ་ཕེབས་ནས་སྨན་དོན་མི་སྣར་གཟིགས་པ་དང་འབྲེལ་སྣེ་ལེན་ཚོགས་འདུར་ཡང་ཞུགས་པ་རེད། ཁོང་གིས་ཞི་བདེའི་སྨན་ཁང་གྲུ་གཟིངས་སླར་ཡང་འཚམས་འདྲིར་ཡོང་ནས་ཧྥི་ཅིའི་མི་དམངས་ལ་སྨན་ཡོན་མི་དགོས་པར་ནད་བརྟག་སྨན་བཅོས་བྱས་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་པ་མ་ཟད། འཛམ་གླིང་ཡོངས་ལ་ཧྥི་ཀྲུང་རྒྱལ་ཁབ་གཉིས་དབར་གྱི་མཛའ་གྲོགས་འབྲེལ་བ་མཚོན་པར་བྱས་ཡོད་ཅེས་བསྔགས་བརྗོད་ཆེན་པོ་གནང་བ་རེད།
          དེ་ཉིན་དགོང་མོ། ཧྥི་ཅིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆན་པོ་དང“ཞི་བདེའི་འགན་འཁྲི-2018”ཞེས་པའི་ལས་འགན་སྒྲུབ་མཁན་གྱི་བཀོད་འདོམས་པའི་ཕེབས་རོགས་འོག་མུའུ་པའེ་ཉི་མཱ་ལཱ་མཱ་ཡིས་ཞི་བདེའི་གྲུ་གཟིངས་ཀྱི་མཚོ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་ཞི་བདེའི་གྲུ་གཟིངས་སླར་ཡང་འཚམས་འདྲིར་ཡོང་བ་དེ་ཧྥི་ཅིའི་རྒྱལ་ཡོངས་ཀྱི་གླེང་མང་བའི་གླེང་གཞིར་གྱུར་ཡོད་ཅེས་གསུངས། ཁོང་གིས་ཞི་བདེའི་གྲུ་གཟིངས་སླར་ཡང་འཚམས་འདྲིར་ཡོང་བ་དེ་རྒྱལ་ཁབ་གཉིས་དང་དམག་གཉིས་དབར་མཉམ་ལས་བྱས་པར་ཕན་འབྲས་ཐོན་པའི་མཚོན་ཚུལ་ཞིག་རེད། རྒྱལ་ཁབ་གཉིས་པོའི་དབར་གྱི་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སླར་ཡང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ས་གནས་དེའི་དུས་ཚོད་ཟླ་8ཚེས་6ཉིན་གྱི་ཆུ་ཚོད་16བར་ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱིས་མི་ཐེངས་4914ལ་སྨན་བཅོས་བྱས་པ་དང་། མི་ཐེངས་2533གྱི་གཟུགས་པོར་བརྟག་དཔྱད་བྱས་པ། མི་25སྨན་ཁང་དུ་ཉར་ནས་སྨན་བཅོས་བྱས་པ། གཤགས་བཅོས་ཐེངས་22བཅས་བྱས་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་གཉིས་དང་དམག་གཉིས་ཀྱི་སྨན་དོན་མི་སྣས་མཉམ་འབྲེལ་སྨན་བཅོས་དང་། མཉམ་འབྲེལ་སྐོར་གཡེང་སྨན་བཅོས། རིག་གནས་མཐུན་འབྲེལ། ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་ཡང་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།