འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།སི་རི་ལན་ཁའི་སློབ་མ་22ལ་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་
    དངུལ་རག་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་སི་རི་ལན་ཁའི་མཐོ་རིམ་སློབ་གསོ་དང་རིག་གནས་པུའུ་ཡིས་ཚེས་7ཉིན་ཁོ་ལོན་པོ་རུ་མཛད་སྒོ་འཚོགས་ཏེ་སི་རི་ལན་ཁའི་སློབ་མ་22ལ་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་ལག་ཁྱེར་སྤྲད་པ་རེད།
         མཛད་སྒོའི་ཐོག་སི་རི་ལན་ཁའི་མཐོ་རིམ་སློབ་གསོ་དང་རིག་གནས་པུའི་འབྲེལ་ཡོད་འགན་འཁུར་བ་ཏེ་ཝ་སུའུ་ལན་ཏེ་ཡིས། ཀྲུང་གོ་སྲིད་གཞུང་གིས་སི་རི་ལན་ཁའི་མཐོ་རིམ་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལོ་མང་རིང་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་རྣམ་གྲངས་ཀྱིས་སི་རི་ལན་ཁའི་སློབ་མ་མང་པོར་ཀྲུང་གོར་ཟབ་སྦྱོང་བྱེད་པའི་གོ་སྐབས་བསྐྲུན་ཡོད། སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རག་པའི་སློབ་མ་རྣམས་ཀྱིས་ད་རེས་ཀྱི་གོ་སྐབས་རྩ་ཆེན་དམ་འཛིན་གང་ལེགས་ཀྱིས་སློབ་མཐར་བྱུང་རྗེས་ཕྱིར་ལོག་བྱས་ནས་སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ནུས་པ་འདོན་པ་མ་ཟད་སི་ཀྲུང་མཛའ་གྲོགས་ཀྱི་འབྲེལ་བར་ཡང་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
         སི་རི་ལན་ཁའི་སློབ་མ་22ད་ལོའི་ཟླ་9པར་པེ་ཅིང་སློབ་ཆེན་དང་། ཀྲེ་ཅང་སློབ་ཆེན། ཝུའུ་ཧན་སློབ་ཆེན་སོགས་ཀྲུང་གོའི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་པར་ཡོང་རྒྱུ་ཡིན་པ་དང་། སྦྱང་བྱའི་ཆེད་ལས་གསོ་རིག་དང་། སྒྱུ་རྩལ། ཁོར་ཡུག གནའ་རྫས་རྟོག་ཞིབ། རྒྱ་སྐད་སློབ་ཁྲིད་སོགས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།