འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་སྤྱི་བདེས“གློད་སྡོམ་ཞབས་གསུམ”གྱི་བྱ་ཐབས་ཁག་30སྤྱད་དེ“དྲ་ཐོག་ནས་
    གཉེར་ཐེངས་གཅིག་ལ་མགྱོགས་མྱུར་གཉེར་རྒྱུར”སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 12:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་ཟླ་8པ་ནས་བཟུང“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱ་ཐབས་ཁག་30བཏོན་ནས“དྲ་ཐོག་ནས་གཉེར་ཐེངས་གཅིག་ལ་ཐག་ཉེ་སར་མགྱོགས་མྱུར་གཉེར་རྒྱུ”དམིགས་ཚད་དུ་བྱས་ཏེ་ལས་སྒོ་སྒྲུབ་རིམ་ལེགས་སུ་བཏང་ནས་སྤྱི་བདེའི་དོ་དམ་ཞབས་ཞུ་སྔར་བས་སྟབས་བདེ་དང་གོ་ཆོད་རྒྱུར་སྐུལ་འདེད་བཏང་བ་རེད།
           མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་ལི་གོ་རུའུ་ཡིས་མཚོ་སྔོན་གྱིས་དེ་གོང་ལོ་གཉིས་རིང་། “གློད་སྡོམ་ཞབས་གསུམ”བྱ་ཐབས་ཁག་70ལྷག་བཏོན་པའི་རྨང་གཞིའི་ཐོག་སླར་ཡང་ཐེངས་གཅིག་ལ་དམངས་ཕན་ཞབས་ཞུའི་སྒྱུར་བཅོས་བྱ་ཐབས་གསར་པ་ཁག་30བཏོན་ཏེ་ལས་རིམ་ལེགས་གཏོང་དང་སྐར་ཁུང་ཞབས་ཞུའི་སྤུས་ཚད་ལེགས་གཏོང་ལ་སྔར་བས་དམིགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
           “དཔེ་ཆ་བཞག་ན། སྡོད་ཁང་ཁུལ་དུ་སྡོད་གནས་ཀྱི་ཆ་འཕྲིན་གཏན་འཁེལ་གསལ་པོ་བྱས་མེད་པས་གནས་སྤོས་དུད་ཚང་གི་ཐེམ་ཐོ་བསྒྱུར་མ་ཐུབ་པའི་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་བཙུགས་པའི་རྟོག་བཟོའི་ས་མིང་ཐོག་ནས་ཐེམ་ཐོ་བསྒྱུར་བའི་འགྲོ་ལུགས་གཉེར་ཆོག་པ་དང་། དུས་ཡུན་རིང་པོ་རང་ཉིད་ཀྱིས་བསྐྲུན་པའི་ཁང་པའམ་ཡང་ན་ཁང་གླ་གླས་པའི་ཁང་པར་སྡོད་མཁན་གྱི་མང་ཚོགས་ཁག་གཅིག་གིས‘ཁང་གླ་གླས་པའི་ཁང་པའི་ཐེམ་ཐོ’བཟོ་དགོས་ཚེ་ཁོངས་གཏོགས་མངགས་གཏོང་ཁང་གིས་བཙུགས་པའི‘སྡེ་ཁུལ་ཁྱིམ་ཚང་གི་མཉམ་སྡེབ་དུད་ཚང’ནང་འཇུག་གི་ཡོད། དེ་དང་ཆབས་ཅིག བུ་ཕྲུག་གིས་ཕ་མའི་སར་ཐེམ་ཐོ་བསྒྱུར་སྐབས་ཀྱི་ཆ་རྐྱེན་དང་ནང་འདྲེན་བྱས་པའི་ཤེས་ལྡན་མི་སྣའི་ཐེམ་ཐོ་བསྒྱུར་བའི་ཆ་རྐྱེན་ལྷུག་ཏུ་བཏང་བ་དང་། མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་ཐེམ་ཐོ་བསྒྱུར་བ་དང་མང་ཚོགས་ཀྱི་མིང་བསྒྱུར་བའི་ཞིབ་མཆན་དབང་ཚད་མངགས་གཏོང་ཁང་ལ་སྤྲད་པ། ཐེམ་ཐོ་བསྒྱུར་མཁན་གཉེན་སྒྲིག་བྱས་མེད་པ་དང་ལས་ཞུགས་ཐུབ་མེད་པ་སོགས་ཀྱི་ངོ་སྤྲོད་ཡི་གེ་འབྲི་རྒྱུ་དེ་མི་སྒེར་གྱི་ཡིག་ཐོག་ཁས་ལེན་ཡི་གེར་བསྒྱུར་བ་བཅས་རེད། གོང་གསལ་གྱི་བྱ་ཐབས་དེ་དག་ལས་བདག་སྤྲོད་དང་། ཞིབ་བཤེར་གཏན་འབེབས། དངུལ་འཇལ། ལག་ཁྱེར་སྤྲོད་པ་སོགས་ལྷུ་ཚིགས་དང་ལས་གནས་མང་པོ་ཞིག་ཉུང་དུ་ཕྱིན་པས་མང་ཚོགས་ཚོས་སྐར་ཁུང་མང་པོར་བང་བསྒྲིགས་པ་དང་ཕར་ཚུར་འགྲོ་འོང་ཐེངས་མང་བྱེད་དགོས་མེད”ཅེས་ལི་གོ་རུའུ་ཡིས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།