འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གློག་དྲས“དྲ་སྦྲེལ+”ཀྱི་དུས་རབས་གཏོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། “གློག་དྲའི་ཨར་ལས་ཀྱི་གནས་མང་ལ་རྒྱ་ཆེ་བས། དེ་སྔ་ང་ཚོས་ཨར་ལས་བྱ་ཡུལ་ཁག་གི་བདེ་འཇགས་ལ་དོ་དམ་གནས་ཚུལ་ཤེས་རྟོགས་བྱེད་དགོས་བསམ་རུང་། ཡུལ་དུས་ཐད་ནས་ཚོད་འཛིན་ཕོག་གི་ཡོད། ད་ཆ་ལག་ཐོགས་ཁ་པར་གྱི་མཉེན་ཆས་བརྒྱུད་ནས་ཨར་སྐྲུན་བྱ་ཡུལ་ཁག་གི་བདེ་འཇགས་ལ་དོ་དམ་དང་ཚོད་འཛིན་གྱི་ལས་དོན་ལ་ཤེས་རྟོགས་དང་དོ་དམ་ཞིབ་ཕྲ་བྱེད་ཐུབ་པས་ཧ་ཅང་སྟབས་བདེ་འདུག་ལ་ལས་ཕྱོད་ཀྱང་ཆེན་པོ་འདུག”ཉེ་དུས་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིའི་བདེ་འཇགས་དོ་དམ་མི་སྣས“བོད་ལྗོངས་གློག་དྲ་གཞི་རྩའི་འཛུགས་སྐྲུན་བྱ་ཡུལ་གྱི་བདེ་འཇགས་དོ་དམ་དང་ཚོད་འཛིན་ལས་སྟེགས”བརྒྱུད། ཀུང་སིའི་གློག་དྲའི་འཛུགས་སྐྲུན་བྱ་ཡུལ་ཁག་དང་དེ་བཞིན་བདེ་འཇགས་དོ་དམ་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་རེད། མིག་སྔར་མཉེན་ཆས་དེས་བོད་ལྗོངས་གློག་དྲ་འཛུགས་སྐྲུན་ཁྱབ་ཁོངས་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ནས་ཨར་ལས་བྱ་ཡུལ་གྱི་བདེ་འཇགས་དོ་དམ་དང་ཚོད་འཛིན་ལས་དོན་གྱི“དྲ་སྦྲེལ+”ཀྱི་དུས་རབས་གཏོད་འགོ་ཚུགས་ཡོད།
            ད་ཕན་ལོ་ཤས་རིང་། བོད་ལྗོངས་གློག་དྲ་ལོ་རྒྱུས་ཐོག་འཕེལ་རྒྱས་མྱུར་ཤོས་དང་། མ་དངུལ་གཏོང་མང་ཤོས། ཕན་འབྲས་མངོན་གསལ་དོད་ཤོས་བཅས་ཀྱི་དུས་སྐབས་གསར་པར་སླེབས་ཡོད། གློག་དྲའི་ཨར་ལས་བྱ་ཡུལ་གྱི་བདེ་འཇགས་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་ཆེད། “བོད་ལྗོངས་གློག་དྲ་གཞི་རྩའི་འཛུགས་སྐྲུན་བྱ་ཡུལ་གྱི་བདེ་འཇགས་དོ་དམ་དང་ཚོད་འཛིན་ལས་སྟེགས”2017ལོའི་ཟླ་8པ་ནས་བཟུང་འཁོར་རྒྱུག་ཚོད་ལྟ་བྱས་ཚུན། རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་འཐུས་སྒོ་ཚང་དུ་གཏོང་བ། རིམ་སྤོར་དང་གསར་འབྱེད་བྱེད་པ་བཅས་བརྒྱུད་སྔ་རྗེས་སུ་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་སོགས་འབྲེལ་ཡོད་ལས་གྲྭར་སྤྱོད་བཞིན་ཡོད།
          མིག་སྔར། ལས་སྟེགས་དེར་བེད་སྤྱོད་ཀྱི་ཕན་འབྲས་བཟང་པོ་ཐོན་པར་བརྟེན་གོམ་སྟབས་རྗེས་མར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་རིགས་ཁག་གི་གློག་དྲའི་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དུ་རིམ་གྱིས་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུ་མ་ཟད། འབྲེལ་ཡོད་ཀྱི་ནུས་པ་སྔར་བས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས་བོད་ལྗོངས་གློག་དྲ་གཞི་རྩའི་འཛུགས་སྐྲུན་བྱ་ཡུལ་གྱི་བདེ་འཇགས་དོ་དམ་ལ་སྔར་བས་རོགས་འདེགས་གང་ལེགས་བྱ་ཆེད་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།