འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་ཁུལ་ཡིས་སྡེ་ཁུལ་དུ་ཁྱད་ལྡན་ཞབས་ཞུའི་ལས་དོན་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 12:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། སྡེ་ཁུལ་གྱི་རྒན་རྒོན་ཚོར་སྤུས་ལེགས་ཀྱི་ཞབས་འདེགས་ཞུ་བ་དང་། ཚབ་གཉེར་ཞབས་ཞུའི་ལམ་ལུགས་ཁྱབ་གདལ། “ཕྱོགས་མི་ཏང་ཡོན་གྱི་ཁྱིམ་གཞིས”སྐྲུན་པ་བཅས་བྱས་ཏེ་ཁྱད་ལྡན་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ་བྱས་པ་རེད། འདི་ལོ་ཚུན་དུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་མཐུན་སྒྲིལ་སྡེ་ཁུལ་ཏང་ཀྲི་པུའུ་འཐུས་ཚབ་ཏུ་བྱས་ནས་ཁྱད་ལྡན་ཞབས་ཞུ་ཧུར་ཐག་བཏོད་དེ་མང་ཚོགས་ཀྱིས་སྒོ་འགྲམ་ནས་སྟབས་བདེའི་ཞབས་ཞུ་སྣ་ཚོགས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཞིང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སྒྲོལ་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།
              ཡུལ་ཤུལ་ཀྲོའུ་གཞི་རིམ་ཏང་འཛུགས་ལས་དོན་གྱི་དཔེ་སྟོན་ས་ཚིགས་ཡིན་པའི་མཐུན་སྒྲིལ་སྡེ་ཁུལ་གྱིས་རྒན་རྒོན་མང་བའི་དོན་དངོས་གནས་ཚུལ་ལ་དམིགས་ནས། “ལོ་60དང་ལོ་80ཡི”གཅེས་སེམས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ལས་སྟེགས(དེ་ཡང་ལོ་60ཡན་གྱི་མི་ཧྲེང་རྒན་རྒོན་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་རྒན་རྒོན། ལོ་80ཡན་གྱི་རྒན་རྒོན་བཅས་ལ་སྙིང་ཉེ་བའི་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པ)བཏོད་དེ་འཚོ་བར་ལྟ་རྟོག་དང་། ཁྱིམ་ལས་ཞབས་ཞུ། ནད་གཡོག་རྒྱུག་པ། སེམས་གསོ་གཏོང་བ་སོགས་ཀྱི་ཞབས་འདེགས་ཞུས་ཡོད། ལྷག་པར་དུ་གཞིས་སྲུང་རྒན་རྒོན། མི་ཧྲེང་རྒན་རྒོན། མིག་ཤེད་ཡག་པོ་མེད་པའི་རྒན་རྒོན་བཅས་ལ་སྡེ་ཁུལ་གྱིས་ཆེད་མངགས་སྐད་འཕྲིན་ཚོགས་པ་བཙུགས་ནས་གསར་འགྱུར་དང་། བརྡ་ཐོ། གནམ་གཤིས་གནས་ཚུལ། བདེ་ཐང་ལུས་གསོའི་ཤེས་བྱ་སོགས་ཀྱི་ནང་དོན་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད།
           “དམངས་བདེ། དམངས་ཕན། དམངས་ཆེད ”བཅས་ཀྱི་རྩ་དོན་ལ་གཞིགས་ཏེ་སྡེ་ཁུལ་དུ་དམངས་ཕན་ཚབ་གཉེར་ཞབས་ཞུའི་སྐར་ཁུར་བཙུགས་ནས་མང་ཚོགས་ལ་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་། རྩལ་ནུས་གསོ་སྦྱོང་། ལག་ཁྱེར་ཚབ་གཉེར་བཅས་དང་དེ་བཞིན་ཁ་པར་གྱི་དངུལ་སྤྲོད་རོགས་དང་། སྨན་བཅོས་འགན་བཅོལ་རྩིས་ཞུ། གློག་ཆས་བཟོ་རོགས་སོགས་རིགས་ཁག་གི་ཁྱད་ལྡན་ཞབས་ཞུ་བསྒྲུབ་རྒྱུའི་ཐད་རིན་མེད་ཚབ་གཉེར་གྱི་ཞབས་ཞུའི་ལམ་ལུགས་ལག་བསྟར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།