འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བུད་མེད་རྐང་རྩེད་སྤོ་ལོའི་ཆེད་ལས་ལུས་རྩལ་པས་བོད་ལྗོངས་སུ་ཡོང་ནས་སློབ་ཆུང་སློབ་མ་
    སྤོ་ལོ་རྒྱག་རྒྱུར་མཛུབ་ཁྲིད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཕྲུ་གུ་མང་པོ་ཞིག་གིས་གཅིག་གྱུར་གྱི་རུ་གོས་གོན་ནས་རྒྱུག་ཤར་གློད་པ་དང་། མཆོང་རྒྱག་རྒྱག་པ། སྤོ་ལོ་བླུགས་པ་བཅས་བྱེད་ཀྱི་ཡོད། ལྷ་ས་སྣེའུ་ཁུལ་གསར་དམར་དམག་སློབ་ཆུང་གིས་ཉིན་ཤས་གོང་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་སློབ་ཚན་ཞིག་འཚོགས་པ་དང་དུས་རྒྱུན་དང་མི་འདྲ་བ་ནི་ད་ཐེངས་ཀྱི་མཛུབ་ཁྲིད་དགེ་རྒན་ཚང་མ་དེ་སྔ་བུད་མེད་རྐང་རྩེད་སྤོ་ལོའི་ཆེད་ལས་ལུས་རྩལ་པ་ཡིན་པ་རེད།
           ད་ཐེངས་བོད་ལྗོངས་སུ་སླེབས་པའི་རྐང་རྩེད་སྤོ་ལོའི་མཛུབ་ཁྲིད་དགེ་རྒན་ཁྱོན་6ཡོད་པ་དང་ཁོང་ཚོའི་ཁྲོད་འགའ་ཞིག་དེ་སྔའི་བུད་མེད་རྐང་རྩེད་སྤོ་ལོའི་རྒྱལ་ཁབ་རུ་ཁག་གི་རུ་མི་ཡིན་པ་དང་འགའ་ཞིག་ནི་ཞིང་ཆེན་རིམ་པའི་ས་གནས་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་རེད། དགེ་རྒན་ཚོས་ཉིན་3ནང་ལྷ་སའི་སློབ་ཆུང་སློབ་མར་རྐང་རྩེད་སྤོ་ལོའི་ཤེས་བྱའི་འཆད་ཁྲིད་དང་ཕྱི་རོལ་གྱི་ལག་ལེན་དངོས་ཀྱི་སློབ་ཚན་འཚོགས་ཐེངས་6འཚོགས་པ་རེད།
          སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་སྤྱི་ཚོགས་བྱ་གཞག་ཅུས་ཀྱི་ཅུས་ཀྲང་དབྱངས་ཅན་གྱིས“སླད་ཕྱིན་ང་ཚོས་ལུས་རྩལ་རྣམ་གྲངས་ཁག་གི་ཐད་ནང་ས་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྲུ་གུ་ཚོར་ལུས་རྩལ་སྦྱོང་བརྡར་ཡག་པོ་ཐུབ་པ་བྱས་ཏེ་བདེ་ཐང་ངང་འཚར་ལོངས་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།