འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལྟ་ཆེད། ཆུང་དུས་རིན་ཆེན་རྒྱལ་རྟག་ཏུ་
    ཡང་ལཱ་དང་ས་བཞུའི་འོག་ཏུ་འཚོ་བ་སྐྱེལ་དགོས་ཀྱི་ཡོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། 1998ལོའི་ཧྥ་རན་སེའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས། ལོ་9ལ་སོན་པའི་བོད་རིགས་ཕྲུ་གུ་རིན་ཆེན་རྒྱལ་གྱི་ནང་མི་ཚོ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རིང་མོ་རྫོང་འབྲོང་ལུང་ཤང་ཟླ་ཡུལ་གྲོང་ཚོར་སྤོས་པ་དང་སྐབས་དེ་དུས་འབྲོང་ལུང་ཤང་ལ་ཁུ་ཁུ་ཨུ་རས་ཞེས་བརྗོད་ཀྱི་ཡོད།
           ལོ་20ཡི་གོང་རྫོང་གྲོང་དང་བར་ཐག་སྤྱི་ལེ་100ལྷག་ཙམ་ཡོད་པའི་ཤང་དེར་ལམ་དང་གློག་ཤར་གཏོང་ཐུབ་མེད་པས་བརྙན་འཕྲིན་ལྟ་བར་གནམ་སྐུད་ལ་བརྟེན་དགོས་ཀྱི་ཡོད་པ་མ་ཟད་ཚོན་ཁྲ་ཡང་མེད།
          རིན་ཆེན་རྒྱལ་གྱིས“ངའི་པ་ཕ་དཔལ་མགོན་རྒྱལ་ནི་གཞི་རིམ་གྱི་སློབ་གསོའི་ལས་ཀ་བྱེད་མཁན་ཞིག་ཡིན་པ་དང་སྐབས་དེ་དུས་ཁོང་གང་དུ་ལས་ཀ་བྱེད་པར་སྐྱོད་རུང་ང་ཚོ་ནང་མི་ཚོ་དེ་གར་སྐྱོད་དགོས་ཀྱི་ཡོད་པས་ཁང་པ་ཐེངས་མང་སྤོ་དགོས་བྱུང་ཡང་ང་དང་གཅུང་པོ་རྐང་རྩེད་སྤོ་ལོ་དང་ཁ་བྲལ་མྱོང་མེད”ཅེས་བཤད།
          རིན་ཆེན་རྒྱལ་གྱིས་སྐབས་དེ་དུས་པ་ཕས་སློབ་ཚན་འཁྲིད་སའི་ཁུ་ཁུ་ཨུ་རས་སློབ་ཆུང་དུ་སློབ་མ་36དང་དགེ་རྒན་5ཡོད་པ་རེད། པ་ཕའི་ཤུགས་རྐྱེན་འོག་རྐང་རྩེད་སྤོ་ལོ་དེ་ཚང་མས་དགའ་ཤོས་བྱེད་སའི་རོལ་རྩེད་རྣམ་གྲངས་ཤིག་ཏུ་གྱུར་ཡོད་ཅེས་བཤད།
          སྐབས་དེ་དུས་སློབ་གྲྭ་ནི་ཤང་དེའི་ཆ་རྐྱེན་ཡག་ཤོས་གྲས་ཤིག་ཡིན་པས་ང་ཚོས་རླུང་ཤུགས་ལ་བརྟེན་ནས་གློག་གཏོང་གི་ཡོད་མོད། འོན་ཀྱང་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་གཅིག་མང་བ་ལྟ་རྒྱུ་ཡོང་ཆེད། ང་ཚོས་རྒྱུན་དུ་གློག་གྲོན་ཆུང་བྱས་ཏེ་ཡང་ལཱ་དང་ས་བཞུ་སྤར་ནས་སྡོད་ཀྱི་ཡོད་པ་དེ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་བཅངས་པའི་ངའི་བག་ཆགས་ཐོག་མ་དེ་རེད།
          པ་ཕའི་ཤུགས་རྐྱེན་འོག་རིན་ཆེན་རྒྱལ་རྐང་རྩེད་སྤོ་ལོར་ཧ་ཅང་དགའ་པོ་ཡོད། 2016ལོར་ཁོང་དང་གྲོགས་པོ་བློས་ཐུབ་ཁ་ཤས་ཀྱིས་ཕ་ཡུལ་དུ“ལྷ་ཡུལ་མདོ་ལ་རིང་མོ”ཞེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་བཙུགས་པ་དང་ཁོང་གི་གྲོགས་པོ་ཐེན་འབྲུག་རྒྱལ་ཚེ་རིང་གིས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་ཡོད།
           ལོ་32ལ་སླེབས་པའི་ཐེན་འབྲུག་རྒྱལ་ཚེ་རིང་ཆུང་དུས་ནས་མཚོ་སྔོན་མཚོ་བྱང་ཀྲོའུ་མུན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་བསོད་སྐྱིད་ཐང་ཤང་བྲ་མ་ཐུའུ་གྲོང་ཚོར་འཚར་ལོངས་བྱུང་བ་དང་། དམའ་རིམ་སློབ་འབྲིང་ལ་མ་སྐྱོད་གོང་རྐང་རྩེད་སྤོ་ལོ་རྒྱག་མྱོང་མེད་པ་དང་དམའ་རིམ་སློབ་འབྲིང་ལ་སྐྱོད་སྐབས་ཁོང་མུན་ཡོན་རྫོང་ཧོ་མིན་གྲོང་རྡལ་དུ་ཡོང་ནས་སློབ་གྲྭའི་ནང་རྐང་རྩེད་སྤོ་ལོ་ཐོག་མར་རྒྱག་མགོ་ཚུགས།
           རྐང་རྩེད་སྤོ་ལོ་རྒྱག་སྐབས་གཟན་ཤོས་ནི་ལྷམ་ཡིན་པ་དང་ལྷམ་གྱོན་ཡུན་རིང་ཙམ་ཡོང་ཆེད་ཐེན་འབྲུག་རྒྱལ་ཚེ་རིང་གིས་ལྷམ་མཐིལ་དུ་འགྱིག་ཐུག་པོ་ཞིག་སྦྱར་བ་རེད།
           ཐེན་འབྲུག་རྒྱལ་ཚེ་རིང་གིས“རྐང་རྩེད་སྤོ་ལོས་ང་རང་ལ་དད་གུས་དང་སྟོབས་ཤུགས་སྦྱིན་པ་དང་དཀའ་ལས་ཁག་ཤོས་ཀྱི་དུས་སུ་རྐང་རྩེད་སྤོ་ལོའི་ཐང་ཆེན་ཐོག་གི་གཅེན་གཅུང་ཚོས་སྐུལ་ལྕག་ཆེན་པོ་བྱས་བྱུང”ཞེས་བཤད།
           མི་ཚང་མའི་ལང་ཚོ་ནི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ཁ་ཤས་ཤིག་རེད། སྤོ་ལོའི་རུ་ཁག་གི་བོད་རིགས་སྤོ་ལོ་རྒྱག་མཁན་དབང་ཆེན་དོན་གྲུབ་ཀྱིས་ཁོང་གི་ངོས་ནས་བརྗོད་ན་རྐང་རྩེད་སྤོ་ལོར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད་ཅེས་བརྗོད་ཀྱི་ཡོད། ཁོང་ནི་ཁྱིམ་ཚང་ནང་གི་རྐང་རྩེད་སྤོ་ལོ་རྒྱག་མཁན་ཐོག་མ་དེ་ཡིན་པ་རེད།
          ལོ་18ལ་སོན་པའི་དབང་ཆེན་དོན་གྲུབ་ཀྱི་ཁྱིམ་མདོ་ལ་རིང་མོའི་ཨ་རིག་ཤང་རྣ་ལུང་གྲོང་ཚོར་ཡོད་པ་དང་། ཕ་མེས་ཚང་མ་ནི་འབྲོག་པ་ཡིན། ད་ཆ་ཁོང་མདོ་ལ་རིང་མོ་རྫོང་གྲོང་དུ་རླངས་འཁོར་ཉམས་བཟོ་སྦྱོང་བཞིན་ཡོད། གཟའ་མཇུག་སླེབས་རིམ་བཞིན་ཁོང་གིས་གྲོགས་པོ་ཚོ་དང་མཉམ་དུ་རྐང་རྩེད་སྤོ་ལོ་ཐེངས་རེ་རྒྱག་གི་ཡོད།
          དབང་ཆེན་དོན་གྲུབ་ཀྱིས“ང་ནི་ང་ཚོའི་ཁྱིམ་ཚང་ནང་རྐང་རྩེད་སྤོ་ལོ་རྒྱག་མཁན་དང་པོ་དེ་ཡིན་མོད། འོན་ཀྱང་དེ་ནི་འགོ་བཙུགས་པ་ཙམ་ཞིག་ཡིན་པས་ངའི་ཕྲུ་གུ་ཚོས་སླད་ཕྱིན་རྐང་རྩེད་སྤོ་ལོ་རྒྱག་རྩལ་དེ་བས་མང་བ་ཁོང་དུ་ཆུད་ཐུབ་ངེས་རེད”ཅེས་བཤད།
          དུས་རབས་ལ་འགྱུར་བ་བྱུང་བ་ལས་འབྲོག་པའི་བུ་ཕྲུག་ཚོ་སླར་ཡང་ས་བཞུའི་འོག་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བལྟ་མི་དགོས། མི་ཁྲི་5ལྷག་ཙམ་ལས་མེད་པའི་མདོ་ལ་རིང་མོ་རྫོང་དུ་དེ་སྔ་དང་མི་འདྲ་བའི་རྐང་རྩེད་སྤོ་ལོའི་རྣམ་པ་གསར་པ་ཞིག་མངོན་བཞིན་མཆིས། མི་མང་པོས་བརྙན་འཕྲིན་ཁྲོམ་གཞུང་དུ་བཏོན་པ་དང་དབྱར་དུས་ཀྱི་རྫོང་གྲོང་ནང་ཡུལ་སྐད་མི་འདྲ་བ་སྣ་ཚོགས་རྒྱག་མཁན་མང་དག་མཉམ་དུ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐོར་གླེང་བ་དང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་མྱོང་ཚོར་ཟབ་མོ་ཉམས་སུ་མྱོང་གི་ཡོད།
          བྱེ་རྡོའི་རྐང་རྩེད་སྤོ་ལོའི་ཐང་དག་འདས་ཟིན་པར་གྱུར་ནས“ལྷ་ཡུལ་མདོ་ལ་རིང་མོ”ཞེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་ཚོས་དགོང་ལྟར་ཆ་རྐྱེན་དེ་བས་ཡག་པའི་རྐང་རྩེད་སྤོ་ལོའི་ཐང་དུ་སྤོ་ལོ་རྒྱག་གི་ཡོད་པ་དང་སྤྲོའར་རི་བོའི་སྐར་འོད་ཀྱིས་ཁོང་ཚོའི་རྐང་རྩེད་སྤོ་ལོའི་ཕུགས་འདུན་དེ་བས་འོད་སྟོང་ལྡན་པར་བྱས།
      

    ཕྱོགས་བསྡུས་གསར་འགྱུར།