འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རང་བྱུང་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་ཉམས་ཞན་དུ་འགྲོ་བ་བཀག་འགོག་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གིས་བོད་ལྗོངས་ཀྱི་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་ལ་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་ཆབས་ཅིག་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་གི་གཙོ་གནད་རྣམ་གྲངས་མང་དག་ཅིག་དོན་འཁྱོལ་ནུས་ལྡན་བྱུང་ནས་འཛམ་གླིང་ཡང་རྩེའི་རང་བྱུང་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་ཉམས་ཞན་དུ་འགྲོ་བ་བཀག་འགོག་ཐུབ་ཡོད། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་ཁྱབ་བསྒྲགས་བྱས་པའི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་གསར་ཤོས་ལས་མངོན་པར། 2010ལོ་ནས་2017ལོ་བར་བོད་ལྗོངས་ཀྱི་རང་བྱུང་རྩྭ་ཐང་དུ་སྤང་རྩྭ་ཕྱོགས་བསྡུས་ཁྱབ་ཚད་བརྒྱ་ཆའི་གྲངས་2.5མཐོ་རུ་སོང་ནས་45.2%ཟིན་པ་དང་། དེ་བཞིན་ཁྱབ་ཆུང་བའི་སྤང་རྩྭའི་རྒྱ་ཁྱོན་10.4%ཆུང་དུ་སོང་བ། ཁྱབ་ཆེ་བའི་སྤང་རྩྭའི་རྒྱ་ཁྱོན་8.2%ཆེ་རུ་སོང་ཡོད།
            ད་ལྟ་བོད་ལྗོངས་སུ་རང་བྱུང་རྩྭ་ཐང་ཁྱོན་མུའུ་དུང་ཕྱུར་13.3ཡོད་པའི་ཁྲོད་བེད་སྤྱོད་ཆོག་པའི་རྒྱ་ཁྱོན་མུའུ་དུང་ཕྱུར་11.3ཟིན་མོད། འོན་ཏེ་སྣོད་བཅུད་ཁྱོན་ཡོངས་ཉམས་ཞན་ཡིན་པས་གྱེན་དུ་མ་ཕྱིན་ན་ཕྱིར་བཤོལ་ཐེབས་རྒྱུའི་གནས་སུ་གྱར་ཡོད། དེས་ན་2016ལོ་ནས་བཟུང་ཀྲུང་དབྱང་གིས་ལོ་ལྟར་བོད་ལ་རྩྭ་ཐང་གི་ཁ་གསབ་བྱ་དགའི་དངུལ་སྒོར་དུང་ཕྱུར་28.8སྤྲོད་པ་དང་བོད་ལྗོངས་ཀྱིས་རྩེ་རིམ་ཇུས་འགོད་ལེགས་པར་བྱས་ཏེ་ཕྱོགས་མང་པོ་ནས་རྩྭ་ཐང་གི་སྣོད་བཅུད་ལ་དོ་དམ་ཚོད་འཛིན་བྱེད་ཀྱི་ཡོད།
          བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་སྟོབས་རྒྱལ་གྱིས“བོད་ལྗོངས་ཀྱིས་རྩྭ་ཐང་སྣོད་བཅུད་དང་འབྲེལ་བ་ཡོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་30ལྷག་ཙམ་གཏན་འབེབས་བྱས་ནས་དངོས་སུ་བཏོན་པའི་ནང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྱབ་ཁོངས་ཁག་ཚུད་ཡོད། ལྗོངས་ཡོངས་ཀྱི་སྣོད་བཅུད་སྲུང་སྐྱོང་དམར་ཐིག་དབྱེ་འགོད་ལས་དོན་ལ་གཞོགས་འདེགས་བྱས་ནས་ལེགས་པར་བསྒྲུབས་པ་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ཚོད་ལྟའི་གདེང་འཇོག་ལས་དོན་སྤེལ་ནས་དམིགས་སའི་རང་བཞིན་ལྡན་པའི་དོ་དམ་ཚོད་འཛིན་བྱེད་ཐབས་བཏོན་ཡོད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།