འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་གི་འཕྲེད་བརྒལ་རིང་ཤོས་ཀྱི་ལྕགས་ཟམ — ཁྲུང་ཆིང་ཁྲའོ་ཐན་མོན་འབྲི་ཆུའི་
    ཟམ་ཆེན་གྱི་ལྕགས་ལམ་ཐུང་གྲས་བཏིང་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་05ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།འཛམ་གླིང་ཐོག་གི་འཕྲེད་བརྒལ་རིང་ཤོས་ཀྱི་ལྕགས་ཟམ — ཁྲུང་ཆིང་ཁྲའོ་ཐན་མོན་འབྲི་ཆུའི་
ཟམ་ཆེན་གྱི་ལྕགས་ལམ་ཐུང་གྲས་བཏིང་ཟིན་པ།
           མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་8ཚེས་2ཉིན། འཛམ་གླིང་ཐོག་གི་འཕྲེད་བརྒལ་རིང་ཤོས་ཀྱི་ལྕགས་ཟམ—ཁྲུང་ཆིང་ཁྲའོ་ཐན་མོན་འབྲི་ཆུའི་ཟམ་ཆེན་གྱི་ལྕགས་ལམ་ཐུང་གྲས་བཏིང་ཟིན་པ་རེད། ཁྲུང་ཆིང་ཁྲའོ་ཐན་མོན་འབྲི་ཆུའི་ཟམ་ཆེན་གྱི་རིང་ཚད་ལ་སྨི་552ཟིན་པ་དེ་འཛམ་གླིང་ཐོག་གི་འཕྲེད་བརྒལ་རིང་ཤོས་ཀྱི་ཞུ་དབྱིབས་ཅན་གྱི་ལྕགས་ཟམ་ཞིག་ཡིན་པ་རེད། ཟམ་ངོས་སྟེང་འོག་གཉིས་སུ་ཕྱེ་བ་དང་སྟེང་ངོས་ནི་2009ལོར་ཤར་གཏོང་ཐུབ་པའི་གཞུང་ལམ་འགྲིམ་འགྲུལ་ཡིན་པ་དང་། འོག་ངོས་ནི་ལྕགས་ལམ་གྱི་སྐོར་ལམ་འདིང་རྒྱུར་གྲ་སྒྲིག་བྱས་པ་ཞིག་རེད། ཤེས་རྟོགས་བྱས་པར་གཞིགས་ན། ཁྲུང་ཆིང་གི་ལྕགས་ལམ་འགྲིམ་འགྲུལ་གྱི་སྐོར་ལམ་ནི་གྲོང་ཁྱེར་དེའི་ལྕགས་ལམ་འགྲིམ་འགྲུལ་དྲ་བའི་ལམ་ཐིག་གཙོ་བོ་ཞིག་ཡིན་ལ་དེ་ནི་ཅིའུ་ལུང་ཕོའོ་དང་། ཧྲ་ཕིང་པ། ཡུས་པེ། ཅང་པེ། ནན་ཨན་བཅས་སྲིད་འཛིན་ཁུལ་ལྔ་དང་སྦྲེལ་མཐུད་ཐུབ་པའི་མྱུར་བགྲོད་ལྕགས་ལམ་གྱི་འགྲིམ་འགྲུལ་མ་ལམ་ཞིག་ཡིན་པ་དང་། ཁྲུང་ཆིང་ལྕགས་ལམ་གྱི་འགྲིམ་འགྲུལ་ལམ་ཐིག་མང་པོ་དང་སྦྲེལ་མཐུད་ཐུབ་པ་དེ་ནི་ལྕགས་ལམ་དང་། གཞུང་ལམ། ཆུ་ཐོག་སྐྱེལ་འདྲེན། མཁའ་ཐོག་སྐྱེལ་འདྲེན་སོགས་ཕྱོགས་མང་གཞི་གཅིག་ཏུ་བསྡུས་པའི་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་ཅིག་ཡིན་པ་དང་། ལམ་ཐིག་དེ་བསྐྲུན་པ་དེས་ཁྲུང་ཆིང་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་འཐུས་སྒོ་ཚང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཞིང་། གོང་གི་པར་རིས་ནི་ཟླ་7ཚེས་28ཉིན་པར་བླངས་པའི་ཁྲུང་ཆིང་གི་ལྕགས་ལམ་འགྲིམ་འགྲུལ་སྐོར་ལམ་རྣམ་གྲངས་ཀྱི་ཁྲའོ་ཐན་མོན་འབྲི་ཆུའི་ཟམ་ཆེན་གྱི་རྣམ་པ་ཧྲིལ་པོ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།