འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེང་ཏེ་ཚ་གཡོལ་རི་གྲོང་དང་དེའི་ཉེ་འཁོར་གྱི་དགོན་པ་ནས་ཁུང་འབྲུག་གི་རྐང་རྗེས་250ལྷག་ཙམ་རྙེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཁྲེང་ཏེ་ཚ་གཡོལ་རི་གྲོང་དང་དེའི་ཉེ་འཁོར་གྱི་དགོན་པ་ནས་ཁུང་འབྲུག་གི་རྐང་རྗེས་250ལྷག་ཙམ་རྙེད་པ།
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་ས་གཤིས་སློབ་ཆེན( པེ་ཅིང)གནའ་བོའི་སྐྱེ་དངོས་ཀྱི་རིགས་གཅིག་མཁས་ཅན་ཞིང་ལི་ཏ་ཡིས་རུ་སྣེ་ཁྲིད་ནས་འཛམ་གླིང་གི་རིག་གནས་ཤུལ་བཞག་ཚ་གཡོལ་རི་གྲོང་དང་དེའི་ཉེ་འཁོར་གྱི་དགོན་པའི་མཛེས་ལྗོངས་ཁུལ་དུ་བསྐྱོད་ནས། ཁུང་འབྲུག་གི་རྗེས་ཤུལ་འཚོལ་བའི་འཚོལ་ཞིབ་བྱེད་འགོ་ཚུགས་ཡོད། རྩད་གཅོད་བྱས་པ་བརྒྱུད་ཆེད་ལས་མཁས་ཅན་རྣམས་ཀྱིས་ཚ་གཡོལ་རི་གྲོང་དང་དེའི་ཉེ་འཁོར་གྱི་དགོན་པའི་མཛེས་ལྗོངས་ཁུལ་ནས་ཐར་ཐོར་གནས་པའི་ཁུང་འབྲུག་གི་རྐང་རྗེས་ཆེ་ཆུང་ཁྱོན་བསྡོམས་250ལྷག་རྙེད་ཡོད་པ་རེད། རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁུང་འབྲུག་གི་རྐང་རྗེས་ལྡན་པའི་འཁྱགས་རིས་རྡོ་རྒྱུ་དེ་དག་ནི་གཙོ་བོ་ཚ་གཡོལ་རི་གྲོང་ནས་ཤར་ཕྱོགས་སུ་བར་ཐག་སྤྱི་ལེ་30ཡི་མཚམས་ཀྱི་ལིའུ་ཀོའུ་ཤང་དང་ཤར་ལྷོའི་ཕྱོགས་ཀྱི་བར་ཐག་སྤྱི་ལེ་20མཚམས་ཀྱི་མོང་ཅའ་ཡོན་ཤང་ནས་རྒྱུ་བ་རེད། ཤང་དེ་གཉིས་ཡན་ཧྲན་རི་རྒྱུད་དུ་གནས་ཞིང་། དེ་གའི་ས་ཁུལ་མང་ཆེ་བ་ནི་ད་བར་ལོ་ངོ་དུང་ཕྱུར་གཅིག་དང་ཁྲི་ལྔ་སྟོང་ཕྱིན་པའི་ཀྲུའུ་ལའོ་ཅིས་དུས་རབས་ཕྱི་མའི་སྐབས་ཀྱི་ས་རིམ་ཡིན་པ་དང་། དུས་རབས་དེ་ནི་ཏག་ཏག་ཁུང་འབྲུག་དར་འཕེལ་ཆེ་བའི་དུས་སྐབས་ཡིན་པ་རེད། རྡོ་རྒྱུ་དེ་དག་ཚང་མ་1987ལོ་ནས་1990བར་གྱི་ཡིན་ཞིང་། ཨར་ལས་ཉམས་གསོ་བྱེད་སྐབས་རིམ་པས་མཛེས་ལྗོངས་ཁུལ་ནང་འདིང་བ་ཞིག་རེད།
    ༄༅།།ཁྲེང་ཏེ་ཚ་གཡོལ་རི་གྲོང་དང་དེའི་ཉེ་འཁོར་གྱི་དགོན་པ་ནས་ཁུང་འབྲུག་གི་རྐང་རྗེས་250ལྷག་ཙམ་རྙེད་པ།
    ༄༅།།ཁྲེང་ཏེ་ཚ་གཡོལ་རི་གྲོང་དང་དེའི་ཉེ་འཁོར་གྱི་དགོན་པ་ནས་ཁུང་འབྲུག་གི་རྐང་རྗེས་250ལྷག་ཙམ་རྙེད་པ།
    ༄༅།།ཁྲེང་ཏེ་ཚ་གཡོལ་རི་གྲོང་དང་དེའི་ཉེ་འཁོར་གྱི་དགོན་པ་ནས་ཁུང་འབྲུག་གི་རྐང་རྗེས་250ལྷག་ཙམ་རྙེད་པ།
    ༄༅།།ཁྲེང་ཏེ་ཚ་གཡོལ་རི་གྲོང་དང་དེའི་ཉེ་འཁོར་གྱི་དགོན་པ་ནས་ཁུང་འབྲུག་གི་རྐང་རྗེས་250ལྷག་ཙམ་རྙེད་པ།
      

    ཕྱོགས་བསྡུས་གསར་འགྱུར།