འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི“ཞིང་སའི་རོལ་དབྱངས”དཀྲོལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི“ཞིང་སའི་རོལ་དབྱངས”དཀྲོལ་བ།
            མི་དམངས་དྲ་བའི་འཕྲིན། དུས་ཡུན་རིང་པོའི་ནང་ཀོང་ཤིས་ལ“གླུ་དབྱངས་ཀྱི་རྒྱ་མཚོ”ཞེས་བརྗོད་པ་དང་ལྟེ་བའི་གྲོང་ཁྱེར་ནན་ཉིང་ལའང“གནམ་འོག་དམངས་གཞས་ཀྱི་སེམས་ཆགས་ས”ཞེས་བརྗོད་སྲོལ་ཡོད། དེ་བཞིན་ཀུ་གཡོད་ཕོ་ནི་ཀྲོང་རིགས་ཡུལ་གླུ་རྒྱ་མཚོའི“གཞས་ཚང”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད། དེ་ནི་ཀྲོང་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་མཁས་ཅན་ཀུ་ཏིའི་ཕ་ཡུལ་ཡང་རེད། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་གྲོང་གསེབ་རིག་གནས་བསམ་བཀོད་ཐོན་ལས་རྒྱ་ཆེར་གཏོང་ལམ་འཚོལ་ཞིབ་བྱས་ཤིང་། མིག་སྔར་རིག་གནས་ནང་དོན་གཙོ་བོར་བྱས་པའི་ཞིང་རའི་ཕྱོགས་བསྡུས་འདུས་གྲུབ་འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ་ཀུ་གཡོད་ཕོ་དང་དེའི་ཉེ་འཁོར་གྱི་ཧྭ་ཡུས་མཚེའུ་དང་ཞིང་འབྲོག་ཚགས་ཤ་ཐོན་ལས་དཔེ་སྟོན་ཁུལ་སོགས་ཀྱི་གཞི་གཅིག་ཏུ་སྦྲེལ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི“ཞིང་སའི་རོལ་དབྱངས”དཀྲོལ་བཞིན་ཡོད། གོང་གི་པར་རིས་ནི་ཀོང་ཤིས་ཞིང་ཆེན་ནན་ཉིང་གྲོང་ཁྱེར་ཆིང་ཤིའུ་ཆུས་ནན་དབྱང་གྲོང་རྡལ་ཧྲེ་ཧོ་གྲོང་ཚོའི་གུའུ་གཡོད་ཕོ་རུ་ཡུལ་མི་ཚོས་ནན་དབྱང་གི་རྔ་ཆེན་འགྲེམས་འཁྲབ་ཐོག་རྒྱ་གླིང་རམ་དཀྲོལ་བྱེད་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།