འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོས་བཟོས་པའི”མ་ལེ་ཞི་ཡའི་མཚོ་འགྲམ་འགན་སྒྲུབ་དམག་གྲུའི་རྣམ་གྲངས་ཀྱི་
    དམག་གྲུ་དང་པོ་ཝུའུ་ཧན་དུ་བཟོ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན། མ་ལེ་ཞི་ཡའི་མཚོ་འགྲམ་འགན་སྒྲུབ་དམག་གྲུའི་རྣམ་གྲངས་ཀྱི་དམག་གྲུ་དང་པོ་ཝུའུ་ཧན་དུ་གནས་པའི་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཝུའུ་ཁྲང་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་ཧྲོང་ལིའུ་རྟེན་གཞིར་བཟོ་འགོ་བཙུགས་ཡོད།
            ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧོ་ཅི་ཝུའུ་ཡིས་བཟོ་འགོ་འཛུགས་པའི་མཛད་སྒོའི་ཐོག་མཚོ་འགྲམ་འགན་སྒྲུབ་གྲུ་གཟིངས་ཀྱི་རྣམ་གྲངས་ནི་ཀྲུང་མ་རྒྱལ་ཁབ་གཉིས་པོས་དམག་དོན་སྒྲིག་ཆས་ཆེ་གྲས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་བྱེད་ཐེངས་དང་པོ་ཡིན་པས། དོན་སྙིང་གལ་ཆེན་ལྡན་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཤིག་རེད། ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཀྱིས་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་གན་རྒྱ་ལག་བསྟར་ནན་ཏན་དང་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་སྟེ་རྣམ་གྲངས་དེ་ཉིད་དམག་དོན་ཚོང་དོན་ཁྱབ་ཁོངས་ཀྱི་ལས་གྲྭ་རྩེ་གྲ་ཞིག་ཏུ་གཏོད་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།
           ངོ་སྤྲོད་བྱས་པར་གཞིགས་ན། མ་ལེ་ཞི་ཡའི་མཚོ་འགྲམ་འགན་སྒྲུབ་དམག་གྲུའི་རྣམ་གྲངས་ཀྱི་གན་རྒྱ་2017ལོའི་ཟླ་4ཚེས་21ཉིན་བཞག་པ་དང་། ཀྲུང་གོའི་དམག་དོན་ཚོང་དོན་ཁེ་ལས་ཀྱིས་མ་ལེ་ཞི་ཡར་དམག་དོན་གོ་མཚོན་ཆེ་གྲས་ཕྱིར་གཏོང་བྱེད་ཐེངས་ཐོག་མ་དེ་ཡིན་པས། ལམ་ཚད་རྡོ་རིང་གི་དོན་སྙིང་གལ་ཆེན་ལྡན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།