འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གི་མྱུར་བགྲོད་ལྕགས་ལམ་དང་པོ་དེའི་ལམ་ཐིག་ཡོངས་ལ་འཁོར་ལམ་བཏིང་ནས་ཏལ་འབིགས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན་ཀྲང་ཧུ་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་གྱི་ལས་ཡུལ་ཐོག རིང་ཚད་ལ་སྨི་500ཡོད་པའི་ལམ་ལྕགས་ཆ་མཇུག་ཤོས་དེ་ལྕགས་ལམ་གདན་སྤྱད་ཀྱི་འཁོར་ཤུར་ནང་དལ་བུར་བཏིང་པ་དང་སྦྲགས། ནང་སོག་གི་མྱུར་བགྲོད་ལྕགས་ལམ་དང་པོ—ཀྲང་ཧུའུ་མྱུར་བགྲོད་ལྕགས་ལམ་གྱི་འཁོར་ལམ་འདིང་བའི་ཨར་རྒྱག་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། ཀྲང་ཧུའུ་མྱུར་བགྲོད་ལྕགས་ལམ་གྱི་རིང་ཚད་ཡོངས་ལ་སྤྱི་ལེ་286.8ཡོད་པ་དང་ལམ་བར་ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དང་། ཨུ་ལན་ཁྲ་པུ་གྲོང་ཁྱེར། ཧོ་པེ་ཞིང་ཆེན་ཀྲང་ཅ་ཁའུ་གྲོང་ཁྱེར་བཅས་བརྒྱུད་ཅིང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་250ཇུས་འགོད་བྱས་ཡོད་པ་དང་། དེའི་ནང་ཧུའུ་ཧོ་ཧའོ་ཐེའི་ཤར་ངོས་ནས་ཨུ་ལན་ཁྲ་པུ་དུམ་བུ་དེ་2017ལོའི་ཟླ་8ཚེས་3ཉིན་ཤར་གཏོང་ཐུབ་པ་རེད། འབྱུང་འགྱུར་ཀྲང་ཧུའུ་མྱུར་བགྲོད་ལྕགས་ལམ་དེ་སྐྲུན་བཞིན་པའི་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་དང་དུས་གཅིག་ཏུ་ཤར་གཏོང་ཐུབ་རྒྱུ་ཡིན་པས་སྐབས་དེ་དང་བསྟུན་ནས་ཧུའུ་ཧོ་ཧའོ་ཐེ་ནས་པེ་ཅིང་དུ་བསྐྱོད་པའི་མེ་འཁོར་འཁོར་རྒྱུག་གི་དུས་ཚོད་དེ་མིག་སྔའི་མགྱོགས་ཤོས་ལ་ཆུ་ཚོད་9འགོར་བ་ནས་ཆུ་ཚོད་3ནང་ཚུན་དུ་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།