འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས་ལས་བྱེད་པར་གསོ་སྦྱོང་བྱ་རྒྱུ་དེ་དོན་དངོས་གནད་དོན་ཐག་གཅོད་བྱེད་པ་ནས་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 12:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། འཛམ་གླིང་ཐོག་གི་ཧ་ཙེ་ལེ་ཐེ་ལུགས་རྒྱག་བཙིར་སྣོན་ཟུང་འབྲེལ་བྱེད་ཐབས་བཟོ་རྩལ་གྱི་ཐོན་སྐྱེད་བརྒྱུད་རིམ་14པ་ནང་སོག་ཐུང་ལེའོ་གྲོང་ཁྱེར་དང་ཧོ་ལིན་ཀོ་ལེ་གྲོང་ཁྱེར་དུ་གཞིས་ཆགས་པ་དང་འབྲེལ། ཚོད་ལྟའི་འཁོར་སྐྱོད་དུས་མཚམས་སུ་སླེབས་ཡོད་པ་རེད། ཟླ་བརྒྱད་པར་དངོས་སུ་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་དང་། ཐོན་སྐྱེད་ལས་ཕྱོད་ནི་སྤྱིར་བཏང་ཐོན་སྐྱེད་ལས་ཕྱོད་ཀྱི་ལྡབ་35ཡིན་པ་རེད། ལས་འགོ་འཛུགས་གྲབས་ཡོད་ཀྱང་། ལོར་ཧ་ཡང་གི་བཞུར་ཁུ་ཏུན་ཁྲི་35མཁོ་བའི་འཛམ་གླིང་གི་ཧ་ཡང་བཟོས་རྫས་རྩེ་གྲའི་ཐོན་སྐྱེད་བརྒྱུད་རིམ་ལ་མ་རྒྱུ་ཧ་ཡང་དཀོན་པའི་དཀའ་གནད་འཕྲད་ཡོད་པ་རེད།
            ཧོ་ལིན་ཀོ་ལེ་གྲོང་ཁྱེར་གྱི་ངོས་ནས་རྡོ་སོལ་དང་། གློག ཧ་ཡང་བཅས་ནི་གཙོ་ཁྲིད་ཐོན་ལས་ཡིན་ཞིང་། དེ་གོང་ཧ་ཡང་གི་རྒྱུ་ཆ་ཕུན་སུམ་ཚོགས་པོ་ཡོད་རུང་། དུས་ཡུན་རིང་པོའི་ནང་བལྟོས་བཅས་གཏན་འཇགས་ཀྱི་ཐོན་སྐྱེད་ཕྱིར་ཚོང་གི་མ་ལག་ཅིག་གྲུབ་ཡོད། ས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཧོ་ལིན་ཀོ་ལེ་གྲོང་ཨུད་ཀྱིས་མ་རྒྱུའི་ཧ་ཡང་མཁོ་སྤྲོད་ཀྱི་ཟུར་སྣོན་རིན་ཐང་དེ་བས་མཐོ་བའི་ཧ་ཙེ་ལེ་ཐེའི་ཐོན་སྐྱེད་བརྒྱུད་རིམ་ལ་སྤྲོད་རྒྱུའི་ཐག་བཅད་པ་རེད། འོན་ཀྱང་དངོས་ཡོད་བཀོལ་སྤྱོད་བྱེད་རིང་ལས་བྱེད་པ་ཁག་གཅིག་གིས་ངོས་འཛིན་གསལ་པོ་མི་ཐུབ་པ་སྟེ། “ཧ་ཡང་གི་བཞུར་ཁུ་ཐོན་སྐྱེད་བརྒྱུད་རིམ་གཞན་ལ་མཁོ་སྤྲོད་བྱས་ན། ཧ་ཡང་བཟོས་རྫས་ལས་སྣོན་ཁེ་ལས་ཀྱི་མ་རྒྱུའི་ཧ་ཡང་མི་འདང་བའི་དབང་གིས་ཐད་ཀར་དཔལ་འབྱོར་ལ་གྱོང་གུན་ཕོག་ནས་ཁེ་ལས་ཀྱི་ལས་ཀ་ཡག་པོ་སྒྲུབ་མི་ཐུབ་པ་དང་སྦྲགས། ཧ་ཡང་བཞུར་ཁུ་མཁོ་སྤྲོད་ཁེ་ལས་ཀྱིས་ས་གནས་སྲིད་གཞུང་གི་སྒྱུར་བཅོས་བྱེད་སྟངས་ཀྱང་རྦད་དེ་དང་ལེན་ཐུབ་ཀྱི་མེད་པ་དེ་རེད”
           ཧོ་ལིན་ཀོ་ལེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཧུང་ཧྥུའུ་ཡིས་ལས་བྱེད་པའི་བསམ་བློ་གཅིག་གྱུར་ཡོང་བ་བྱས་ནས་ཚང་མའི་ཧུར་སེམས་ཆེ་རུ་ཇི་ལྟར་གཏོང་རྒྱུར་བསམ་བློ་གཏོང་བའི་སྐབས། ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་སྒྲིག་འཛུགས་བྱས་ནས་སྤེལ་བའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གསོ་སྦྱོང་བྱེད་སྒོ་སྤེལ་བས། ཁོང་གིས་སེམས་ཁྲལ་བྱེད་པའི་གནད་དོན་དེ་ཐག་གཅོད་ཐུབ་ཡོད། ད་ཐེངས་ཀྱི་གསོ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་ཡིན་པ་དང་། ཁོའོ་རིམ་པ་མན་དང་ལས་བྱེད་པའང་གསོ་སྦྱོང་གི་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད། གཞི་ཁྱོན་ཆེ་བའི་གསོ་སྦྱོང་ལས་དོན་སྤེལ་བས་ས་ཁུལ་ཁག་གཅིག་གི་ལས་བྱེད་པའི་བསམ་བློ་གཅིག་གྱུར་ཡོང་བའི་དཀའ་གནད་བསལ་བ་རེད།
           “ལས་བྱེད་པ་གསོ་སྦྱོང་ནང་ཞུགས་རྗེས་མིག་མདུན་ཁོ་ན་བསམ་ནས་མ་བསྡད་པར་ཕུགས་ལ་དམིགས་དགོས་པ་དང་། སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་པར་རྩེ་གྲ་དང་། དུ་བ་འབུད་ཉུང་བ། ཟུར་སྣོན་རིན་ཐང་མཐོ་བ་བཅས་ཀྱི་ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས་རང་འགུལ་ངང་ཁེ་ལས་གཉེར་དགོས”ཞེས་ཀྲང་ཧུང་ཧྥུའུ་ཡིས་བཤད་པ་རེད།
           ཡིག་ཆ་སྒྲོག་སྦྱངས་བྱེད་སྐབས་ཕྱི་ཚུལ་ཙམ་མི་བྱེད་པ་དང་། གསོ་སྦྱོང་གི་ཕན་འབྲས་དངོས་ལ་མཐོང་ཆེན། དངོས་ཡོད་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ་བཅས་ནི་ནང་སོག་གིས་རིམ་པ་དང་རིགས་དབྱེ་ནས་ཏང་ཡོན་ལས་བྱེད་པར་གསོ་སྦྱོང་བྱེད་པའི་སྤྱིའི་བླང་བྱ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ས་ཁུལ་ཁག་ལ་དོན་དངོས་དང་ཟུང་འབྲེལ་གྱིས་རེས་སྐོར་གསོ་སྦྱོང་བྱེད་རིང་ནང་དོན་ལེགས་སུ་བཏང་ཡོད། གྲོང་གསེབ་དར་རྒྱས་དང་། གནད་སྨིན་དབུལ་སྒྲོལ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། སྤྱི་ཚོགས་བཅོས་སྐྱོང་། བདེ་འཇགས་ཐོན་སྐྱེད། གསར་གཏོད་ཡར་སྐུལ། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བ་སོགས་ཆེད་དོན་སློབ་ཁྲིད་དེ་དག་ལས་བྱེད་པའི་ཉིན་རེའི་ལས་དོན་དང་འབྲེལ་བ་དམ་ཟབ་བྱས་པས། ས་གནས་ཀྱི་ཐབས་ཇུས་འདོན་རྒྱུར་རིགས་པའི་གཞུང་ལུགས་ཀྱི་རྒྱབ་སྐྱོར་ཐད་ཀར་ཐོབ་ཡོད་པ་རེད།
           ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཧོ་ཀྲེ་ལེང་གིས་ད་ཐེངས་ཀྱི་རེས་སྐོར་གསོ་སྦྱོང་ནང་ཆེད་དོན་གཞུང་ལུགས་འཆད་ཁྲིད་དང་། “ཕྱིར་བསྐྱོད་པའི”སློབ་གཉེར། དྲ་རྒྱའི་ཐོག་ནས་སློབ་སྦྱོང་སོགས་བྱེད་ཐབས་སྣ་མང་ཐོག་ནས་སློབ་སྦྱོང་གསོ་སྦྱོང་སྤེལ་ཏེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐད་ཀར་གཞི་རིམ་དང་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་བཏང་ཡོད། དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ཡག་པོ་རྒྱག་པ་དང་རྒྱལ་ཁ་ལེན་རྒྱུར་དམིགས་ནས་ཆི་དང་རྫོང(གྲོང་ཁྱེར་དང་ཆུས)དབུལ་པོར་ཁག་བགོས་འགོ་ཁྲིད་དང་། འགན་ནུས་སྡེ་ཚན་གྱི་འགན་འཁུར་བ། སུའུ་མུའུ་ཤང་གྲོང་ཏང་སྲིད་ཀྱི་ཁོའོ་རིམ་པ་རྒན་པ། གྲོང་ཚོ་དབུལ་པོ་ཀ་ཁྲའི་ཧྲུའུ་ཅི་དང་པོ་བཅས་ལ་ཁྱབ་ཡོད་པ་རེད། “ལས་བྱེད་པ་མང་པོ་ཞིག་གསོ་སྦྱོང་ནང་ཞུགས་རྗེས་ད་ཐེངས་ཀྱི་རིམ་དབྱེ་དང་རིགས་ཕྱེས་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་གསོ་སྦྱོང་གིས་ཏང་ཡོན་ལས་བྱེད་པས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། སློབ་སྦྱོང་གཏིང་ཟབ། གོ་བ་མཐིལ་ཕྱིན་ལེན་པ་བཅས་བྱུང་ཡོད། ད་ཆ་མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་ལས་འགན་ཁ་གསལ་བྱུང་བས་ཡིད་ཆེས་ཆེན་པོ་ཡོད”ཅེས་ཧོ་ཀྲེ་ལེང་གིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།