འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྔོན་གཤེགས་དཔའ་བོའི་ནང་མི་དང་། དམག་མིའི་
    ནང་མི། དམག་ཞབས་ཐིམས་པའི་དམག་མི་སོགས་ཀྱི་ཁྱིམ་ཚང་ལ་གཟི་བརྗིད་བྱང་བུ་
    འགེལ་བའི་ལས་དོན་གྱི་ལག་བསྟར་བྱ་ཐབས་》པར་འགྲེམས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྔོན་གཤེགས་དཔའ་བོའི་ནང་མི་དང་། དམག་མིའི་ནང་མི། དམག་ཞབས་ཐིམས་པའི་དམག་མི་སོགས་ཀྱི་ཁྱིམ་ཚང་ལ་གཟི་བརྗིད་བྱང་བུ་འགེལ་བའི་ལས་དོན་གྱི་ལག་བསྟར་བྱ་ཐབས་》ཀྱི་བརྡ་ཐོ་པར་འགྲེམས་བྱས་ནས་གཟི་བརྗིད་བྱང་བུ་འགེལ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཚད་གཞི་བཟོས་པ་དང་བཀོད་སྒྲིག་བྱས་པ་རེད།
            བརྡ་ཐོའི་ནང་བསྟན་དོན། གཟི་བརྗིད་བྱང་བུ་འགེལ་བ་ནི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། དམག་བཀུར་ཁྱིམ་སྐྱོང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། དམག་མིའི་གཟི་བརྗིད་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་རེད། ས་ཁུལ་ཁག་གིས“འདུ་ཤེས་བཞི”བརྟན་པོ་བཙུགས་ནས་གཟི་བརྗིད་བྱང་བུ་འགེལ་བའི་དོན་སྙིང་གལ་ཆེན་ཤེས་རྟོགས་གང་ལེགས་བྱས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལས་ཀའི་ལམ་སྲོལ་བཟོ་བ། འབྲེལ་ཡོད་འགྲོ་གྲོན་གཏོང་བ། བཀོད་སྒྲིག་ཞིབ་ཚགས་བྱེད་པ། ལག་བསྟར་སྒྲིག་འཛུགས་ཞིབ་ཕྲ་བྱེད་པ་བཅས་བྱས་ཏེ། གཟི་བརྗིད་བྱང་བུ་འགེལ་ཡུལ་གནད་ལ་འཁེལ་བ་དང་ཡིག་ཚགས་ཆ་ཚང་པོ་ཡོད་པ་བྱས་ནས། 2019ལོའི་ཟླ་5ཚེས་1ཉིན་གོང་གཟི་བརྗིད་བྱང་བུ་འགེལ་ཡུལ་ཚང་མར་བྱང་བུ་བཀལ་ཟིན་པ་བྱེད་དགོས།
            ལག་བསྟར་བྱ་ཐབས་དེས་དུས་རབས་གསར་པའི་དམག་མིའི་གཟི་བརྗིད་མ་ལག་འཛུགས་རྒྱུར་སྐུལ་མ་ཏན་ཏིག་གཏོང་བ་དང་། སྤྱི་ཚོགས་ཧྲིལ་པོས་དམག་མིའི་ལས་རིགས་ལ་གུས་བཀུར་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུར་གཞི་ཚུགས་ཏེ། གཟི་བརྗིད་བྱང་བུ་འགེལ་བའི་ཁྱབ་ཁོངས་སྔོན་གཤེགས་དཔའ་བོའི་ནང་མི་དང་། གཞུང་དོན་ཆེད་རང་སྲོག་ཤོར་བའི་དམག་མིའི་ནང་མི། ནད་གཞིས་རྐྱེན་པས་ཚེ་ལས་འདས་པའི་དམིག་མིའི་ནང་མིའི་ཁྱིམ་ཚང་དང་ད་སྐུལ་དམག་མིའི་ཁྱིམ་ཚང་། དམག་ཞབས་ཐིམས་པའི་དམག་མིའི་ཁྱིམ་ཚང་བཅས་བར་རྒྱ་ཆེར་བཏང་བ་དང་། གཟི་བརྗིད་བྱང་བུའི་བཟོ་ལྟ་དང་། འགེལ་སྟངས། དོ་དམ་ལམ་སྲོལ་བཅས་ཚད་ལྡན་བཟོས་པ་དང་། གཅུན་འདོམས་བྱེད་ཐབས་དང་ཡིག་ཚགས་དང་གཱ་བཟོ་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། ས་ཁུལ་ཁག་གིས་གཟི་བརྗིད་བྱང་བུ་འགེལ་བའི་ལས་དོན་དང་ས་གནས་དེ་གའི་དོན་དངོས་ཟུང་འབྲེལ་བྱས་ནས། ལོ་གསར་རི་མོ་དང་དཔྱིད་གསར་ཆ་ཡིག་སྐྱེལ་བ་དང་། འཚམས་འདྲི་བྱེད་པ། བྱས་རྗེས་བཞག་པའི་ད་སྐུལ་དམག་མིའི་ཁྱིམ་ཚང་ལ་བྱས་རྗེས་བཞག་པའི་གཏམ་བཟང་བརྗོད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། གཟིགས་སྐྱོང་བྱེད་སྒོ་སྣ་ཚོགས་དང་ཟུང་འབྲེལ་གྱི་ལས་ཀའི་རྣམ་པ་གསར་པ་ཞིག་ཆགས་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།