འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་
    ནུས་ལྡན་བྱུང་མེད་པའི་དབང་གིས་འགན་འཁྲི་བདའ་འདེད་བཏང་བའི་དཔེ་མཚོན་གྱོད་གཞི་2བརྡ་ཁྱབ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 12:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། རིམ་ཁག་ཏང་རྩ་འཛུགས་ཀྱི་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་སྔར་བས་དམ་ནན་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ཀྱིས་ཉེ་དུས་ཞིབ་བཤེར་ཐག་གཅོད་ཐུབ་པའི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ནུས་ལྡན་བྱུང་མེད་པའི་དབང་གིས་འགན་འཁྲི་བདའ་འདེད་བཏང་བའི་དཔེ་མཚོན་གྱོད་གཞི་2བརྡ་ཁྱབ་བཏང་བ་རེད།
             མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་གི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་བསོད་ནམས་རྒྱལ་སོགས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་དོན་འཁྱོལ་བྱེད་རིང་མི་བདེན་རྫུན་སྒྲིག་བྱས་པའི་དབང་གིས་འགན་འཁྲི་བདའ་འདེད་བཏང་བ་རེད། 2017ལོའི་ཟླ་11པར་ཞིབ་བཤེར་བྱས་པ་བརྒྱུད་རྐང་ཚ་རྫོང་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཅུས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་དོན་འཁྱོལ་བྱེད་རིང་ཡིག་ཆ་རྫུན་བཟོ་དང་དྲ་ཐོག་གི་དཔྱད་གཞིའི་ཡིག་རིཌ་གཞན་དཔེ་འདྲ་བཤུས་སོཌ་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་ཐུབ་ཡོད།2018ལོའི་ཟླ་4པར་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ནུས་ལྡན་བྱུང་མེད་པའི་དབང་གིས་རྫོང་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་བསོད་ནམས་རྒྱལ་དང་སྐབས་དེ་དུས་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་འཁུར་མཁན་ཁྲེན་གོ་ཡོན་བསླབ་འདོམས་སྐུལ་ལྕག་དང་གླེང་མོལ་བྱས་པ་དང་། ཅུས་ཀྲང་གཞོན་པ་ཀུའོ་ཀྲི་ཕུའུ་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།
             མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་གི་སྒྲིག་ཨུད་ཧྲུའུ་ཅི་གཞོན་པ་ཀྲུའུ་ཆོན་ཏེ་དང་གསེར་ཆེན་རྫོང་སྒྲིག་ཨུད་ཀྱི་གྱོད་གཞི་ཞིབ་གཅོད་ཁང་གི་དེ་སྔའི་ཀྲུའུ་རེན་རྟ་མགྲིན་ཚེ་རིང་གིས་ལྟ་སྐུལ་འགན་འཁྲི་ལག་བསྟར་ནུས་ལྡན་མ་བྱས་པའི་དབང་གིས་འགན་འཁྲི་བདའ་འདེད་བཏང་བ་རེད། 2015ལོའི་ཟླ་11པར་མང་རྫོང་སྒྲིག་ཨུད་ཀྱིས་ཞིང་ཨུད་སྐོར་གཟིགས་ཚོགས་ཆུང་གིས་ཚུར་ལན་བྱས་པའི་མང་རྫོང་སློབ་གསོ་ཅུས་སོགས་སྡེ་ཚན་གྱི་སྒྲིག་ཁྲིམས་ལས་འགལ་བ་དང་སྒྲིག་སྲོལ་ལས་འགལ་བའི་གནད་དོན་གྱི་ཁུངས་སྣེར་ཞིབ་བསྡུར་ཐག་གཅོད་བྱེད་སྐབས་བརྟག་དཔྱད་ཐག་གཅོད་བྱེད་རིང་རྩ་དོན་མཐའ་འཁྱོངས་མི་བྱེད་པར་འབྲེལ་ཡོད་འགན་འཁུར་བའི་དེ་སྔ་ཐག་གཅོད་བྱས་པའི་གྲོས་འགོར་བཟོ་བཅོས་བརྒྱབ་ཡོད། 2016ལོའི་ཟླ་4པར་གསེར་ཆེན་རྫོང་སྒྲིག་ཨུད་ཀྱིས་ཆབ་ཆ་གྲོང་རྡལ་ཤིས་ཤང་ཁ་གྲོང་ཚོའི་གྲོང་གསེབ་གསར་པའི་སྡེ་ཁུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་འབྲེལ་ཡོད་ལས་བྱེད་པར་སྒྲིག་ཁྲིམས་ལས་འགལ་བ་དང་སྒྲིག་སྲོལ་ལས་འགལ་བའི་གནད་དོན་གྱི་ཁུངས་སྣེར་ཞིབ་བསྡུར་ཐག་གཅོད་བྱེད་སྐབས་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་འགན་འཁྲི་བདའ་འདེད་ཀྱི་བརྒྱུད་རིམ་ལག་བསྟར་བྱས་མེད་པས་2017ལོའི་ཟླ་4པར་ཞིང་ཨུད་སྐོར་གཟིགས་ཚོགས་ཆུང་གིས“ཕྱིར་མིག་ལྟ”སྐབས་གནད་དོན་དེ་ཡང་བསྐྱར་བཏོན་པ་རེད། 2017ལོའི་ཟླ་10པར་ལྟ་སྐུལ་འགན་འཁྲི་ལག་བསྟར་ནུས་ལྡན་མ་བྱས་པའི་དབང་གིས་ཀྲུའུ་ཆོན་ཏེ་དང་རྟ་མགྲིན་ཚེ་རིང་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།